མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བློ་མཐུན་དབན་ལི་ལགས་ཀྱི་སྐུ་ཚེ་ཧྲིལ་པོ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་24ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

གཡོན་གྱི་ཨང་དྲུག་པ་དེ་ནི་བློ་མཐུན་དབན་ལི་ཡིན་པ།

གཡོན་གྱི་ཨང་དྲུག་པ་དེ་ནི་བློ་མཐུན་དབན་ལི་ཡིན་པ།

མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་ལྷག་བསམ་ཟོལ་མེད་ཀྱི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་ཕུལ་དུ་བྱུང་བའི་འགོ་ཁྲིད་པ། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་གཅིག་པ་དང་བཅུ་གཉིས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཟུར་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་བཅས་ཡིན་པའི་བློ་མཐུན་དབན་ལི་སྙུན་གཞིའི་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་ནུས་མ་ཐོན་པར་2015ལོའི་ཟླ་7ཚེས་15ཉིན་གྱི་ཆུ་ཚོད་12དང་སྐར་མ་55ཐོག་པེ་ཅིང་དུ་སྐུ་གཤེགས་པ་དང་། དགུང་ལོ་99ལ་སླེབས་ཡོད་པ་རེད།
         བློ་མཐུན་དབན་ལི། དེ་སྔོན་མིང་ལ་དབན་མིང་ལི་ཟེར་མྱོང་། 1916ལོའི་ཟླ་12པར་ཧྲན་ཏུང་ཞིང་ཆེན་ཏུང་ཕིང་རྫོང་གི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་འཁྲུངས་པ་དང་། ཆུང་དུས་ཕ་ཡུལ་དུ་སློབ་ཆུང་དང་སློབ་འབྲིང་གི་སློབ་གསོ་མྱོང་། 1933ལོའི་སྟོན་ཁར་ཆུས་ཧྥུའུ་ཧྲན་ཏུང་ཞིང་ཆེན་གྱིས་བཙུགས་པའི་དགེ་འོས་སློབ་གྲྭ་གཉིས་པར་རྒྱུགས་འཕྲོད། སློབ་གྲྭ་ན་ཡོད་དུས་སྔོན་ཐོན་བསམ་བློའི་ཤུགས་རྐྱེན་ཐེབས་ཏེ་རི་འགོག་རྒྱལ་སྐྱོབ་ཀྱི་བྱེད་སྒོར་ཧུར་ཐག་ཞུགས། 1936ལོའི་ཟླ་5པར་ཀྲུང་གོའི་གུང་ཁྲན་ཏང་ལ་ཞུགས་པ་ནས་བཟུང་གསར་བརྗེའི་ལམ་བུར་བསྐྱོད་པ་རེད།