མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་
འགན་གཙོ་བོ་བརྒྱད་བཏོན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་03ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《དབུལ་སྒྲོལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་གསར་སྤེལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》པར་འགྲེམས་བྱས་པ་རེད།
         བསམ་འཆར་ནང་གཏན་ལ་ཕབ་པའི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་དབུལ་སྐྱོར་འགག་སྒྲོལ་གྱི་ལས་འགན་གཙོ་བོ་བརྒྱད་ནི།
         རྨང་གཞིའི་སྒྲིག་བཀོད་གལ་ཆེན་སྐྲུན་མགྱོགས་སུ་བཏང་ནས་འཕེལ་རྒྱས་ཀྱི་འཇུར་མིག་ཚོད་འཛིན་མེད་པ་བཟོ་རྒྱུ་དང་།
         ཧུར་ཐག་དང་གོ་རིམ་ལྡན་པའི་སྒོ་ནས་ལེགས་ཆའི་ཐོན་ཁུངས་གསར་སྤེལ་བྱས་ཏེ་ཁྱབ་འགྱེད་སྣེ་ཁྲིད་ཀྱི་ཕན་འབྲས་འདོན་སྤེལ་ཏན་ཏིག་བྱ་རྒྱུ།
         ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་ཤུགས་བརྒྱབ་ནས“རང་གིས་རང་འཕེལ་རྒྱས་གཏོང་བའི”ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ།
         སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་བྱས་ནས་ནམ་ཡང་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་ལྡན་པའི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་བསྐྲུན་རྒྱུར་ཤུགས་རྒྱག་རྒྱུ།
         དམངས་འཚོ་ལེགས་གཏོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།
         གནས་སྤོས་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ།
         གནད་སྨིན་དབུལ་སྐྱོར་ལག་བསྟར་གཏིང་ཟབ་བྱས་ཏེ་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ།
         སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ཧུར་ཐག་བྱས་ཏེ་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་ཆགས་སྟངས་གསར་པ་བསྐྲུན་མགྱོགས་སུ་གཏོང་རྒྱུ་བཅས་རེད།