མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས“ང་ཚོའི་དུས་ཆེན”ཞེས་པའི་
བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་རྒྱུ་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་བརྡ་ཐོ་བཏང་ནས་2016ལོའི་དཔྱིད་གསར་དུས་ཆེན་རིང“ང་ཚོའི་དུས་ཆེན”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་རྒྱུའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་དཔྱིད་གསར་དུས་ཆེན་རིང“ང་ཚོའི་དུས་ཆེན”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བའི་རྩ་བ་དེར་དམ་པོར་དམིགས་པ། འཚོ་བར་ཉེ་བཅར་དང་མང་ཚོགས་དང་ཉེ་བཅར། གཞི་རྟེན་གསར་གཏོད་དང་རྣམ་པ་གསར་གཏོད་བཅས་བྱས་ནས་གཞན་ཕན་སྒྲུབ་པར་དགའ་བ་དང་། དབུལ་སྐྱོར་ཉེན་སྐྱོབ། དགེ་ལས་བསྒྲུབ་རྒྱུར་དགའ་བ་དང་ཤོགས་པོ་བྱེད་པ། གཉེན་ཉེ་དང་ཁྱིམ་མཚེས་དབར་མཛའ་མཐུན་ཡོང་བ་བྱེད་པ་སོགས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྱིམ་ཚང་བདེ་སྐྱིད་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་ཡར་ཐོན་བཅས་ཀྱི་ཁོར་ཡུག་གཏོད་རྒྱུར་ཤུགས་སྣོན་རྒྱག་པ། མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་གྱི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་ནས་ཡར་ཐོན་དང་ཡིད་ཆེས་མཉམ་རོགས་ཀྱི་སྤྱི་ཚོགས་དར་སྲོལ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།
         བརྡ་ཐོའི་ནང་ས་གནས་ཁག་གིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། དགོངས་གཞི་གསར་པ། འཐབ་ཇུས་གསར་པ་བཅས་ཀྱི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཏེ་སྙན་ཞུའི་ཚོགས་འདུ་དང་། མི་སེར་གྱི་སྒྲོག་འགྲེལ། སྤྱི་ཕན་བརྡ་ཁྱབ། དྲིལ་བསྒྲགས་སྒྲོམ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཉེ་འགྲམ་གྱི་འགྱུར་བར་བལྟ་བ་དང་ཁྱིམ་ཚང་གི་འགྱུར་བར་བལྟ་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་དང་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་འབྲེལ་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པའི་ལག་ལེན་གསར་པ་དང་གྲུབ་འབྲས་གསར་པ་དྲིལ་བསྒྲགས་བྱེད་དགོས། ཀུན་སྤྱོད་དཔེ་བཟང་དང་། སྔོན་ཐོན་གྱི་དཔེ་མཚོན། འཁྲིས་སུ་ཡོད་པའི་མི་བཟང་པོ་སོགས་གཙོ་གནད་དུ་བྱས་ཏེ་དྲོ་སྐྱིད་དང་གཅེས་སེམས་སྦྱིན་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་མང་ཙམ་སྒྲུབ་དགོས། དཔྱིད་གསར་སྐྱེལ་འདྲེན་གྱི་དམངས་ཕན་དང་། གཉེན་ཉེར་སེམས་ཁུར། རིག་གནས་ལུས་རྩལ། ཁོར་ཡུག་སྒྲིག་ལམ། དུས་བདེ་འཛུགས་སྐྱོང་སོགས་དང་བླངས་པའི་ཞབས་ཞུ་རྒྱ་ཁྱབ་ངང་སྤེལ་ནས་གཞིས་སྲུང་རྒན་རྒོན་དང་། གཞིས་ལུས་བྱིས་པ། ཞིང་པ་ལས་མི། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་རོགས་རམ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། དུས་ཆེན་རིང་མང་ཚོགས་ཀྱི་རིག་གནས་འཚོ་བ་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་རིག་གནས་གཞི་རིམ་དུ་གཤམ་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཆ་སྒྲིག་དབུལ་སྐྱོར་སྒྲིག་འཛུགས་ཧུར་ཐག་བྱེད་པ་དང་རིམ་ཁག་ཤེས་དཔལ་ཚན་པས་རང་ངོས་ཀྱི་ལེགས་ཆ་འདོན་རྒྱུར་སྣེ་ཁྲིད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། དཔྱིད་གསར་དུས་ཆེན་རིང་མི་རྣམས་ཕྱིར་ཐོན་པའི་མཐོ་རླབས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ཤེས་དཔལ་ངང་ཡུལ་སྐོར་ལས་དོན་ཤུགས་ཆེན་སྤེལ་དགོས། གྲོན་ཆུང་དང་ཤེས་དཔལ་གྱི་སྒོ་ནས་དུས་ཆེན་གཏོང་རྒྱུ་དར་སྤེལ་བཏང་ནས་ཀྲུང་དབྱང་གི“གཏན་འབེབས་དོན་ཚན་བརྒྱད”ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱེད་པ་དང“སྤྱོད་ཚུལ་བཞིར”རྒྱུན་མཐུད་ངང་ངོ་རྒོལ་གཏིང་ཟབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།