མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ན་ནིང་རྒྱལ་ཡོངས་ཀྱི་རླུང་གློག་འཕྲུལ་ཚན་ནས་གློག་འདོན་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་
གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        ◆ རྒྱལ་ཡོངས་རླུང་གློག་གི་འཕྲུལ་ཚན་ནས་འདོན་པའི་གློག་ཆན་ཝ་ཁྲི་3297གསར་འཕར་བྱུང་བ།
         ◆ རླུང་གློག་དྲ་སྦྲེལ་བྱས་ཏེ་འཕྲུལ་ཚན་ནས་འདོན་པའི་གློག་ཆན་ཝ་དུང་ཕྱུར་1.29ཟིན་པ་དེས་གློག་གཏོང་འཕྲུལ་ཚན་ཚང་མ་ནས་འདོན་པའི་གློག་གི་8.6%བཟུང་བ།
          ◆ རྒྱལ་ཡོངས་རླུང་གློག་གིས་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་1863བཏང་བ་དེས་གློག་གཏོང་ཚད་ཚང་མའི་3.3%བཟུང་བ།
         ◆ རླུང་གློག་ཆ་སྙོམས་སྤྱོད་པའི་ཆུ་ཚོད་གྲངས་འབོར་1728ཟིན་པ་དེ་དུས་མཚུངས་ལས་ཆུ་ཚོད་172ཆག་པ།
         ◆ ལོ་ཧྲིལ་པོར་རླུང་ནུས་མིན་པའི་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་339ཟིན་པ་དེ་དུས་མཚུངས་ལས་ཆན་ཝ་ཆུ་ཚོད་དུང་ཕྱུར་213འཕར་བ། ཆ་སྙོམས་རླུང་ནུས་མིན་པའི་གློག་གཏོང་ཚད་15%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་7འཕར་བ།