མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རིག་གནས་པུས་སྒྲིག་འགལ་གྱི་དྲ་རྒྱའི་ཐད་གཏོང་སྟེགས་བུ་བཅོས་སྒྲིག་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་14ཉིན། རིག་གནས་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རིག་གནས་པུའི་རིག་གནས་ཁྲོམ་ར་སིའི་སི་ཀྲང་གཞོན་པ་ལིའུ་ཆང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དྲ་རྒྱའི་འཁྲབ་སྟོན་སོགས་དྲ་སྦྲེལ་རིག་གནས་ཁྲོམ་ར་གཉེར་སྐྱོང་གི་སྒྲིག་ལམ་ཚད་ལྡན་དུ་གཏོང་ཆེད། རིག་གནས་པུས་ཁག་ཉེར་ལྔ་པའི་ཁྲིམས་འགལ་སྒྲིག་འགལ་གྱི་དྲ་སྦྲེལ་རིག་གནས་བྱེད་སྒོའི་ཐག་གཅོད་མིང་ཐོ་གཤམ་བསྒྲགས་བྱས་ཤིང་། YYདང་། དོམ་ཁྲ་TV ཀྲེན་ཆི་TV ལུང་ཀྲུའུ་ཐད་གཏོང་། 9158ལ་སོགས་དྲ་རྒྱའི་ཐད་གཏོང་སྟེགས་བུ་མང་པོ་ཞིག་ཆགས་སྲེད་དང་གཏུམ་སྤྱོད་རིགས་སྒྲོག་སྤེལ་བྱེད་པ་དང་། ཉེས་པ་གསོག་རྒྱུར་ངན་སྐུལ་བྱེད་པ། སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་གནོད་པ་གཏོང་བ་སོགས་ཀྱི་ནང་དོན་ལྡན་པའི་དྲ་སྦྲེལ་རིག་གནས་ཐོན་རྫས་མཁོ་འདོན་བྱས་པའི་དོགས་གཞི་ཆེན་པོ་བྱུང་ནས་ཐག་གཅོད་མིང་ཐོའི་ནང་བཅུག་ཡོད་པ་རེད།
         ལིའུ་ཆང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་གཅོད་མིང་ཐོའི་ནང་བཅུག་པའི་དྲ་རྒྱའི་ཐད་གཏོང་སྟེགས་བུ་དག་གི་ཁྲིམས་ལས་འགལ་བའི་དོན་དངོས་ཁ་གསལ་དང་དཔང་རྟགས་ཁུངས་བཙན་ཡོད། དེས་ན་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཐད་གཏོང་སྟེགས་བུ་དག་གིས་ཐག་གཅོད་ལས་དོན་ལ་རང་འགུལ་ངང་གཞོགས་འདེགས་བྱེད་དགོས་པ་མ་ཟད། ད་དུང་《དྲ་སྦྲེལ་རིག་གནས་དོ་དམ་གྱི་གནས་སྐབས་ལག་བསྟར་གཏན་འབེབས་》ལ་བརྩི་སྲུང་ནན་པོ་ཞུས་ཏེ་ནང་དོན་རང་བཤེར་གྱི་འགན་འཁྲི་ཡང་དོན་འཁྱོལ་ནན་པོ་བྱེད་དགོས་ཀྱི་ཡོད་པ་རེད། རིག་གནས་པུས་འབྲེལ་ཡོད་ས་ཁུལ་གྱི་རིག་གནས་ཁྲོམ་ར་ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་གཞི་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཁེ་ལས་ལ་ཁྲིམས་ལུགས་ལྟར་ཐག་གཅོད་བྱེད་པར་བཏང་ཡོད་པ་དང་འབྲེལ་ཆད་གཅོད་བྱས་ཚུལ་དུས་ཐོག་ཏུ་ཁྱབ་བསྒྲགས་ཀྱང་བྱ་རྒྱུ་ཡིན་ཞེས་བཤད་བྱུང་།