མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་དབུལ་སྐྱོར་དང་བླངས་པའི་ཞབས་ཞུའི་སྐུལ་འདེད་ཚོགས་པ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན། ཀྲུང་གོའི་དབུལ་སྐྱོར་དང་བླངས་པའི་ཞབས་ཞུའི་སྐུལ་འདེད་ཚོགས་པ་པེ་ཅིང་དུ་དངོས་སུ་བཙུགས་པ་དེ་ནི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་སྒྲུབ་བཅའ་ཁྲིམས་》ཁྱབ་བསྒྲགས་བྱས་རྗེས་རང་རྒྱལ་དུ་བཙུགས་པའི་དབུལ་སྐྱོར་དཀའ་སེལ་ལ་གཞོལ་མཁན་དམངས་ཁྲོད་ཀྱི་རྩ་འཛུགས་དང་པོ་དེ་ཡིན་པ་རེད།
          རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན། ཀྲུང་གོ་དབུལ་སྐྱོར་དང་བླངས་པའི་ཞབས་ཞུ་སྐུལ་འདེད་ཚོགས་པའི་ཚོགས་གཙོ་ལིའུ་ཡུང་ཧྥུས་ཚོགས་པ་འཛུགས་པའི་ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན་ཞིག་ཡིན་པ་དང་། མིག་སྔར་རང་རྒྱལ་དུ་སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་ཕྱོགས་གསུམ་གཞི་གཅིག་གི་དབུལ་སྐྱོར་འཐབ་ཇུས་བཀོད་པ་འཛུགས་བཞིན་ཡོད་པ་དང་ཀྲུང་གོའི་དབུལ་སྐྱོར་དང་བླངས་པའི་ཞབས་ཞུའི་སྐུལ་འདེད་ཚོགས་པས་སྤྱི་ཚོགས་དབུལ་སྐྱོར་གྱི་དྲིལ་བསྒྲགས་དང་། སྐུལ་སློང་། ཞབས་ཞུ། སྐུལ་འདེད་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མི་ཀུན་གྱིས་བྱེད་འདོད་པ་དང་། མི་ཀུན་གྱིས་སྒྲུབ་པ། མི་ཀུན་གྱིས་བྱེད་ཐུབ་པ་བཅས་ཀྱི་སྤྱི་ཚོགས་དབུལ་སྐྱོར་ནང་ཞུགས་པའི་ལམ་སྲོལ་ཆགས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་ཀྲུང་གོའི་དབུལ་སྐྱོར་དང་བླངས་པའི་ཞབས་ཞུའི་སྐུལ་འདེད་ཚོགས་པས་སྤྱི་ཚོགས་དབུལ་སྐྱོར་གྱི་དྲ་ཚིགས་དང་སྤྱི་ཚོགས་དབུལ་སྐྱོར་གྱི་ཆ་འཕྲིན་ཞབས་ཞུའི་སྟེགས་བུ་བཙུགས་ཏེ་མང་ཚོགས་དབུལ་པོར་དགོས་མཁོ་གང་ཡོད་པ་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་རོགས་རམ་གང་བྱེད་དགོས་པ་ཚང་མ་དྲ་ཚིགས་ཐོག་ཏུ་བཏོན་ཏེ་དབུལ་སྐྱོར་ཐོན་ཁུངས་ཀྱི་མཁོ་སྤྲོད་དང་དབུལ་སྐྱོར་གྱི་དགོས་མཁོ་ནུས་ལྡན་ངང་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། དྲ་ཚིགས་ལ་ད་དུང་གདེང་འཇོག་བྱེད་པའི་ནུས་པ་ལྡན་པས། སྤྱི་ཚོགས་དབུལ་སྐྱོར་ནང་ཧུར་ཐག་ཞུགས་མཁན་ཁག་ལ་ཆབ་སྲིད་ཐད་གཟི་བརྗིད་མཚན་སྙན་ཡོད་པ་དང་། བྱ་གཞག་ཐད་འཕེལ་རྒྱས་འགྲོ་ཐུབ་པ། སྤྱི་ཚོགས་ཐོག་བརྩི་འཇོག་ཐོབ་ཐུབ་པ་བཅས་ཡོང་རྒྱུ་རེད།