མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་གཙོ་གནད་རྣམ་གྲངས་ལ་གལ་ཆེའི་གྲུབ་འབྲས་ཐོབ་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན“མིང་ཆིང་དང་མིན་གོའི་དུས་སྐབས་ཀྱི་པེ་ཅིང་ཡུལ་སྐད་ཀྱི་རྩ་ཆེའི་ལོ་རྒྱུས་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག”གི་དཔེ་ཚོམ་དེབ་31པར་འགྲེམས་བྱས་པ་དེ་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གཙོ་གནད་རྣམ་གྲངས“ལོ་ངོ་སུམ་བརྒྱའི་རིང་གི་པེ་ཅིང་ཡུལ་སྐད་ཀྱི་ལོ་རྒྱུས་འཕེལ་འགྱུར་དང་ད་ལྟའི་གནས་ཚུལ་ལ་ཞིབ་འཇུག་བྱས་པར”ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། རྣམ་གྲངས་དེ་རྒྱལ་སའི་དགེ་འོས་སློབ་ཆེན་པེ་ཅིང་གི་ཡུལ་སྐད་ཞིབ་འཇུག་ལྟེ་གནས་དང་། སློབ་གྲྭ་དེའི་རིག་གནས་ཞིབ་འཇུག་ཁང་དང་དཔེ་སྐྲུན་ཁང་སོགས་ཚན་པས་མཉམ་འབྲེལ་ཐོག་འགན་ཁུར་བ་ཞིག་རེད།
          རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གཙོ་གནད་རྣམ་གྲངས“ལོ་ངོ་སུམ་བརྒྱའི་རིང་གི་པེ་ཅིང་ཡུལ་སྐད་ཀྱི་ལོ་རྒྱུས་འཕེལ་འགྱུར་དང་ད་ལྟའི་གནས་ཚུལ་ལ་ཞིབ་འཇུག”གི་འགན་འཁུར་བ་དང་རྒྱལ་སའི་དགེ་འོས་སློབ་ཆེན་གྱི་ཞའོ་ཀྲང་གཞོན་པ་ཡིན་པའི་ཀྲའོ་ཅན་ཧྲེ་ཡིས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་གྲོང་པེ་ཅིང་དུ་ལོ་རྒྱུས་འཕེལ་རིམ་ཁྲོད་མི་རིགས་མང་པོའི་རིག་གནས་གོམས་གཤིས་མཉམ་དུ་འདྲེས་ཡོད་པ་མ་ཟད་། ལྷག་དོན་དུ་སྐད་ཡིག་ཐད་པེ་ཅིང་གི་སྐད་དང་གདངས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པ་ཞིག་གྲུབ་ཡོད་པས་དཔེ་ཚོམ་ཆ་ཚང་ལ“བརྟག་ཞིབ་དང་། ལེགས་སྒྲིག རྒྱུན་འཛིན། ཞིབ་འཇུག”བཅས་གཞི་རྩའི་བྱེད་ཕྱོགས་སུ་བྱས་ནས་པེ་ཅིང་གི་ཡུལ་སྐད་ཀྱི་ཚད་ལྡན་ཡིག་ཆ་གཙོ་བོའི་དཔྱད་གཞི་འཚོལ་བསྡུ་བྱས་ཡོད། དེར་བརྟེན་སྐད་ཡིག་གི་སྒྱུ་རྩལ་དང་། རྩོམ་རིག རིག་གནས་བཅས་ཀྱི་རིན་ཐང་ལྡན་ཡོད། དཔེ་ཚོམ་དེ་བརྩམས་སྒྲུང་དང་། སྒྲ་དབྱངས། དམངས་གཞས་བཅས་རིགས་ཆེ་བ་གསུམ་ལ་ཕྱེ་ཡོད་པ་དང་། དཔེ་ཚོམ་དེ་འཚོལ་བསྡུ་དང་རྩོམ་སྒྲིག་བྱེད་པའི་ལས་དོན་ཧ་ཅང་རྙོག་འཛིང་ཆེ་ཞིང་། དེ་ཡང་དེབ་མང་པོ་ཞིག་དེབ་རྐྱང་པ་དང་ལག་བྲིས་བྱས་པ་ཞིག་ཡིན་པ་དེ་དག་ཐའེ་ཝན་དང་། རི་པིན། ཨ་རི་བཅས་ཀྱི་དཔེ་མཛོད་ཁང་དང་མི་སྒེར་གྱིས་ཉར་ཚགས་བྱས་པ་ཤ་སྟག་ཡིན་པས་ཧ་ཅང་རྩ་ཆེན་པོ་ཡིན་པ་རེད།