མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་ལོ་སྟོད་དུ་ཀྲུང་དབྱང་རྩ་་འཛུགས་པུས་དོ་དམ་བྱེད་པའི་
ལས་བྱེད་པ་མི་ཐེངས་507ལ་སྐོང་འདྲི་དང་འཕྲིན་ཐོག་འདྲི་རྩད་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་12ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་10ཉིན་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་ལྟ་ཞིབ་དྲ་ཚུགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་འདི་ལོའི་ལོ་སྟོད་དུ་ཀྲུང་དབྱང་རྩ་འཛུགས་པུས་དོ་དམ་བྱེད་པའི་ལས་བྱེད་པ་མི་ཐེངས་507ལ་སྐོང་འདྲི་དང་འཕྲིན་ཐོག་གི་འདྲི་རྩད་བྱས་པ་དང་། “བྱེད་ཐབས་རིགས་བཞིའི”བྱེད་ཐབས་དང་པོ་བེད་སྤྱོད་གང་ལེགས་ཐུབ་ཡོད་པ་རེད།
         ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱོད་གཞི་ལྟ་སྐུལ་དོ་དམ་ཁང་གི་ཅུས་རིམ་པ་གཞོན་པའི་སྒྲིག་ཁྲིམས་ཞིབ་བཤེར་པ་ལྟ་ཞིབ་ཀྲོན་ཡོན་ཀྲང་ཅུན་ཡུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཚུན་དུ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་ཧུར་ཐག་བྱེད་པའི“བྱེད་ཐབས་རིགས་བཞི”ལག་ལེན་ཧུར་ཐག་བསྟར་ནས་ཕྱོགས་གཅིག་ནས་སྒྲིག་ཁྲིམས་ལག་བསྟར་ལ་ཞིབ་བཤེར་བྱ་ཤུགས་ཆུང་དུ་མི་གཏོང་བ་དང་དལ་བྲེལ་ལ་འགྱུར་ལྡོག་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སེམས་ནུས་དེ་བས་མང་བ་བྱེད་ཐབས་རིགས་དང་པོའི་ཐོག་བཞག་ཡོད་པ་རེད། ཏང་ཡོན་ལས་བྱེད་པའི་བསམ་བློ་དང་། ལས་དོན། འཚོ་བ་བཅས་ཀྱི་སྤྱོད་ཚུལ་ཐད་ཀྱི་སྤྱིར་བཏང་རང་བཞིན་གྱི་གནད་དོན་གོང་ཞུ་བྱེད་རིགས་ལ་དམིགས་སའི་རང་བཞིན་ལྡན་པའི་ངང་སྐོང་འདྲི་དང་འཕྲིན་ཐོག་འདྲི་རྩད་བྱས་ཏེ་སྔ་ཙམ་ནས་དང་ཆུང་ཙག་ནས་དམ་འཛིན་བྱས་ཏེ་རྐྱེན་ཆུང་ཐོག་ནས་བསལ་ཡོད་པ་རེད། འདི་ལོའི་ཟླ་དང་པོ་ནས་དྲུག་པའི་བར་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་ཀྲུང་དབྱང་རྩ་འཛུགས་པུས་དོ་དམ་བྱེད་པའི་ལས་བྱེད་པའི་གནད་དོན་ཁུངས་སྣེ་གོང་ཞུའི་ནང་ནས་མི་ཐེངས་507ལ་སྐོང་འདྲི་དང་འཕྲིན་ཐོག་འདྲི་རྩད་བྱས་ནས་ན་ནིང་གི་དུས་མཚུངས་ལས་60.4%འཕར་ཡོད་པ་རེད། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་ཐེངས་42341ལ་སྐོང་འདྲི་བྱས་ནས་ན་ནིང་གི་དུས་མཚུངས་ལས་334.2%འཕར་ཡོད་པ་རེད།
         དེ་གོང་དྲ་ཚུགས་དེའི“བསམ་བློའི་གོ་རྟོགས་མཐོ་རུ་གཏོང”ཞེས་པའི་ལེ་ཚན་ནང་གི་རྩོམ་ཡིག《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ངེས་པར་དུ་བྱེད་ཐབས་རིགས་དང་པོ་དེ་ཡག་པོ་སྤྱོད་དགོས》ཞེས་པའི་ནང་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་ལ་ཞིབ་བསྡུར་བྱེད་པར་སྒྲིག་ཁྲིམས་ལག་བསྟར་ཞིབ་བཤེར་གྱི་གྲངས་འབོར་ཁོ་ནར་བལྟ་རྒྱུ་མེད་པར་ཏང་ཡོན་ལས་བྱེད་པ་སྐོང་འདྲི་བྱས་ནས་དྲན་སྐུལ་བྱེད་པ་དང་འཕྲིན་ཐོག་འདྲི་རྩད་བྱས་ནས་བསླབ་བྱ་ཇི་ཙམ་བྱས་མིན་ལ་དེ་བས་མཐོང་ཆེན་བྱེད་དགོས་ཞེས་ངོ་སྤྲོད་བྱས་ཡོད་པ་རེད། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས“བྱེད་ཐབས་རིགས་བཞི”སྟངས་འཛིན་བེད་སྤྱོད་ཡག་པོ་བྱས་ཏེ་ཕྱོགས་གཅིག་ནས་སྒྲིག་ཁྲིམས་ལག་བསྟར་ལ་ཞིབ་བཤེར་བྱ་ཤུགས་ཆུང་དུ་མི་གཏོང་བ་དང་དལ་བྲེལ་ལ་འགྱུར་ལྡོག་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སེམས་ནུས་དེ་བས་མང་བ་བྱེད་ཐབས་རིགས་དང་པོའི་ཐོག་བཞག་ཡོད་པ་རེད། ཏང་གི་མཐོ་རིམ་འགོ་ཁྲིད་ལས་བྱེད་པ་ལ་ལར་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་འགོ་ཁྲིད་ཀྱིས་ཐད་ཀར་སྐོང་འདྲི་བྱས་པ་དང་། ལ་ལར་ཞིང་ཨུད་ཧྲུའུ་ཅིས་སྐོང་འདྲི་བྱ་རྒྱུར་མངགས་བཅོལ་བྱས་པ། འགའ་ཤས་ལ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅིས་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་མཉམ་དུ་སྐོང་འདྲི་བྱས་པ་དང་། སྐོང་འདྲི་བྱས་པ་དང་དུས་མཚུངས་ད་དུང་མི་ངོ་མ་སྐད་བཏང་ནས་གོང་ཞུ་བྱེད་པའི་གནད་དོན་ཐད་གསལ་བཤད་བྱེད་དུ་བཅུག་པས་ཏང་ནང་ཁུལ་དུ་ལྟ་སྐུལ་གྱི་གཟབ་ནན་རང་བཞིན་གང་ལེགས་མངོན་ཡོད་པ་རེད། དེ་སྔ་གོང་ཞུ་བྱས་པའི་ཕྱོགས་བསྡུས་གནད་དོན་གྱི་ཁུངས་སྣེ་ཐག་གཅོད་མི་བྱེད་པར་འཇོག་པ་དང་། ད་ཆ་བློ་མཐུན་ལ་ཚད་མཐོའི་འགན་ཁུར་བའི་རྣམ་འགྱུར་གྱི་ཐོག་ནས་དུས་ཐོག་ཏུ་མི་དེ་སྐོང་འདྲི་བྱས་ནས་གནས་ཚུལ་གསལ་བཤད་འདྲི་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། སྐོང་འདྲི་དང་འཕྲིན་ཐོག་འདྲི་རྩད་མ་བྱས་གོང་དང་བྱས་རྗེས་ཚང་མའི་ཐད་ཆོག་མཆན་འགོད་པའི་འགྲོ་ལུགས་ནན་པོ་གཉེར་བ་དང་འཕྲིན་ཐོག་འདྲི་རྩད་བྱས་འབྲས་ཐོག་ཚན་པ་དེ་གའི་ཏང་ཨུད་ཧྲུའུ་ཅིས་མིང་རྟགས་བཀོད་ནས་གོང་འབུལ་ཞུས་པ་དང་འབྲེལ་མི་དེའི་སྲིད་གཙང་ཡིག་ཚགས་ནང་བཅུག་པ་དང་། འགའ་ཞིག་ད་དུང་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་དུ་བཅུག་ཡོད་པ་རེད། གོང་ཞུ་བྱས་པའི་གནས་ཚུལ་ངོ་མ་མིན་རིགས་གསལ་པོ་བཟོས་པ་དང་། གསལ་བཤད་དྲང་པོ་ཞུས་པ་མ་ཟད་གནད་དོན་ཚབས་ཆེན་པོ་མིན་རིགས་ཐག་བཅད་ནས་བློ་མཐུན་གྱི་ཁུར་པོ་ཡང་དུ་བཏང་ཡོད་པ་རེད། རྩ་འཛུགས་ཀྱིས་ཁོང་དུ་ཆུད་པའི་གནས་ཚུལ་དང་གཅིག་པ་མིན་རིགས་ལ་སྔར་བས་ཞིབ་བསྡུར་བྱས་པ་དང་། གསལ་བཤད་དྲང་པོ་མི་ཞུ་བ་དང་རྩ་འཛུགས་ལ་མགོ་སྐོར་གཏོང་རིགས་ཐག་གཅོད་ནན་པོ་བྱས་ཡོད་པ་རེད། 2016ལོའི་ཟླ་1ཚེས་6ཉིན་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་ཀྲུང་དབྱང་རྩ་འཛུགས་པུས་དོ་དམ་བྱས་པའི་ལས་བྱེད་པའི་གནད་དོན་ཁོངས་སྣེའི་ནང་མི་ཐེངས་507ལ་སྐོང་འདྲི་དང་འཕྲིན་ཐོག་འདྲི་རྩད་བྱས་པ་དང་། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་ཐེངས་42314ལ་སྐོང་འདྲི་དང་འཕྲིན་ཐོག་འདྲི་རྩད་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གང་ལེགས་མངོན་པར་བྱས་ཡོད་པ་རེད།