མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འདི་ལོའི་ལོ་སྟོད་དུ“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་རིང་གནད་དོན་19160ཞིབ་བཤེར་
ཐག་གཅོད་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་20ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

          མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚིགས་ཐོག་ཚེས་17ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གིས་ཉིན་ཤས་གོང་འདི་ལོའི་ལོ་སྟོད་ཀྱི“སྤྱོད་ཚུལ་བཞི”ཡོ་བསྲང་གི་གཞི་གྲངས་ཡོངས་བསྒྲགས་བྱས་པའི་ནང་། རྒྱལ་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་19160ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་26900ཐག་གཅོད་བྱས་པ། མི་20159ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་པ་བཅས་ཚུད་ཡོད། དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་གྲངས་གཞི་ཁག་གསུམ་པོ་37.6%དང་། 44.1% 77.6%བཅས་སོ་སོར་འཕར་ཞིང་། ཀྲུང་དབྱང་སྒྲིག་ཨུད་ཀྱིས་གནད་དོན་དཔེ་མཚོན་19སྔ་རྗེས་སུ་བརྡ་ཁྱབ་ཐེངས་4བཏང་ནས་ཐེར་འདོན་བྱས་པར་འབྲིང་རིམ་དོ་དམ་ལས་བྱེད་པ་5དང་འབྲེལ་བ་ཡོད་པ་རེད།
         རྒྱལ་ཡོངས་ནས་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ལ་བལྟས་ན། གསོག་ཚད་དང་འཕར་ཚད་མི་ཉུང་བ་ཞིག་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་གྱི་ནང་ནས་སྒྲིག་འགལ་བྱེད་སྤྱོད་2013ལོར་ཐོན་ཚད་38.8%བཟུང་བ་དང་། 2014ལོར་ཐོན་ཚད་15.9%བཟུང་བ། 2015ལོར་ཐོན་ཚད་25.9%བཟུང་བ། 2016ལོར་ཐོན་ཚད་19.3%བཟུང་བ་བཅས་ཡིན་ལ་དེའི་ནང་ནས་2015ལོའི་རྗེས་སུ་ཐོན་ཚད་ཀྱིས་45.2%བཟུང་ཡོད། དེ་ཐོག་ནས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་སོང་ཁར་ཇི་ཙམ་ལག་བསྟར་བྱས་པ་དེ་ཙམ་གྱིས་ནན་དུ་འགྲོ་བ་གསལ་བཤད་ཐུབ་ལ་ཕྱོགས་གཞན་ཞིག་ནས་ཡ་མེད་སྒྲིག་འགལ་སྔར་བཞིན་མངོན་གསལ་དོད་པོ་ཡོད་པའང་གསལ་བཤད་ཐུབ།
         དམ་བསྒྲགས་རྣམ་པའི་འོག“སྤྱོད་ཚུལ་བཞིའི”གནད་དོན་མངོན་སུམ་ངང་ཐོན་ཚད་ཉུང་དུ་ཕྱིན་ཡོད་ནའང་། རྣམ་པ་བསྒྱུར་ནས་སླར་ཡང་འཕེལ་ཕྱོགས་གསར་པ་དང་མཚོན་ཚུལ་གསར་པ་ཁག་གཅིག་མངོན་པ་དང་། མི་མངོན་པའི་བྱ་ཐབས་ལ་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད། དཔེར་ན། སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ཟ་འཐུང་བྱེད་པ་དེ་ནང་ཁུལ་གྱི་ཟ་ཁང་དང་ཞིང་ཁྱིམ་སྤྲོ་ཁང་དུ་བསྒྱུར་བ་དང་། གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱེད་པ་དེ་ཏང་ཤོག་དང་། སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོགས་བཅས་ཀྱི་བྱེད་སྒོ་དང་གསོ་སྦྱོང་ལ་འགྲོ་བ་སོགས་ལ་ཁ་གཡར་བ་དང་། མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་གཟབ་རྒྱས་གཉེར་ནས་ཆེན་པོ་ཆུང་བགོས་དང་ཡུལ་གཞན་དུ་གཉེར་བའམ་ཡང་ན་གཞན་གྱིས་ཚབ་བྱས་ནས་གཉེར་བ། འབུལ་རྟེན་སྤྲོད་ལེན་དེ་གློག་རྡུལ་གཱ་དང་གློག་རྡུལ་ཤོག་ཆག་སོགས་ལག་རྩལ་གསར་པའི་ཐབས་ལམ་སྤྱོད་པ་ལྟ་བུ་རེད།