མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་མེ་རི་ཁའི་ཙུང་ཐུང་ཨའོ་པ་མ་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་04ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཨ་མེ་རི་ཁའི་ཙུང་ཐུང་ཨའོ་པ་མ་ལ་མཇལ་འཕྲད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཧང་ཀྲོའུ་ཞི་ཧུའུ་མཚེའུ་རྒྱལ་ཁབ་ཀྱི་མགྲོན་ཁང་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་གཙོའི་ཧང་ཀྲོའུ་དབུ་ཚོགས་ལ་ཞུགས་པར་ཕེབས་པའི་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨའོ་པ་མ་ལ་མཇལ་འཕྲད་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་དབུ་གཙོས་ཀྲུང་ཨ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དང་ཐུན་མོང་དུ་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་སྐོར་ལྷག་བསམ་ཟོལ་མེད་དང་། གཏིང་ཟབ་པོ། མཛའ་མཐུན་བཅས་ཀྱི་སྒོ་ནས་དགོངས་འཆར་བརྗེ་རེས་གནང་སྟེ་ངོས་འཛིན་གཅིག་མཐུན་གལ་ཆེན་རབ་དང་རིམ་པ་བྱུང་བ་རེད།