མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2016ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་ལག་རྩལ་དང་ཐོན་རྫས་ཀྱི་ཚོང་
འདུས་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་12ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན་ཏ་ལན་དུ་སྐབས་བཅུ་པའི་ཀྲུང་གོའི་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་ལག་རྩལ་དང་ཐོན་རྫས་ཀྱི་ཚོང་འདུས་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་དང་གསར་གཏོད་མཐོ་རིམ་གླེང་སྟེགས་འགོ་ཚུགས་ཤིང་། ཀྲུང་གོའི་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་ལག་རྩལ་དང་ཐོན་རྫས་ཀྱི་ཚོང་འདུས་ནི་མིག་སྔར་རང་རྒྱལ་གྱི་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱི་ཅན་གྱི་ཁེ་བེད་བདག་ཐོབ་ལག་རྩལ་གྱི་སྤུས་རྟགས་འགྲེམས་ཚོགས་ཤིག་ཡིན་པ་མ་ཟད། རང་རྒྱལ་དུ་ཆུ་ཚད་མཐོ་ཤོས་དང་། གཞི་ཁྱོན་ཆེ་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་ཁེ་བེད་བདག་ཐོབ་ལག་རྩལ་འགྲེམས་སྟོན་དང་ཚོང་འདུས་གཟབ་རྒྱས་ཤིག་ཀྱང་རེད།
      ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཚོང་འདུས་ཀྱིས“དམངས་ཀྱིས་བྱ་གཞག་བསྐྲུན། ཀུན་གྱིས་གསར་གཏོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ“གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད”བཅས་ཀྱི་འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས་གསལ་གསལ་པོར་མངོན་པ་བྱེད་པ་དང་རྒྱལ་སྤྱི་ཅན་དང་། ཆེད་ལས་ཅན། བཀོལ་སྤྱོད་རང་བཞིན་བཅས་ཀྱི་ཁྱད་ཆོས་མངོན་གསལ་དུ་ཐོན་པ་བྱས་ནས་འགྲེམས་སྟོན་ནང་ཞུགས་པའི་རྣམ་གྲངས་ཀྱི་ལག་རྩལ་ཆུ་ཚད་སྔར་བས་མཐོ་རུ་དང་འགྲེམས་སྟོན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་དང་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ་མ་ཟད། བརྗོད་དོན་གཙོ་བོའི་བྱེད་སྒོའི་ནང་དོན་སྔར་བས་ཕུན་སུམ་ཚོགས་པ་དང་དམངས་འཚོ་དང་མི་སེར་ལ་ཉེ་བར་བཅར་ཐུབ་པ་བྱས་ཡོད། ཚོང་འདུས་བདེ་བླག་ངང་འཚོགས་ཐུབ་པ་བྱུང་བ་དེས་རྒྱལ་ཁབ་ཕྱི་ནང་གི་ཁེ་བེད་བདག་ཐོབ་ལག་རྩལ་གྱི་ཕུལ་བྱུང་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་མ་ཐེབས་པ་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་རོགས་སྐྱོར་ཐུབ་པ་པ་མ་ཟད། གྲོང་ཁྱེར་གྱི་རང་བརྟེན་གསར་གཏོད་དང་ཤེས་བྱ་གཞན་སྒྱུར་དང་བདེ་སྤྱོད་ཀྱི་ནུས་པ་ཆེ་རུ་ནུས་ལྡན་སོང་ནས་བཟོ་ལས་རྙིང་པའི་རྟེན་གཞི་ཕྱོགས་ཡོངས་ནས་དར་རྒྱས་ཡོང་ཆེད་འདེགས་སྐྱོར་ནུས་ལྡན་ཞིག་མཁོ་འདོན་བྱས་ཡོད་པ་རེད།