མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྐབས་བཅུ་གསུམ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་
ཚོགས་འགྲེམས་སྟོན་གྱི་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་12ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན་སྐབས་བཅུ་གསུམ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་ནན་ཉིང་དུ་འགོ་ཚུགས་རྒྱུ་ཡིན་ཞིང་། ཚེས་10ཉིན་གྱི་གསར་འགྱུར་བརྡ་གཏོང་ཚོགས་འདུའི་ཐོག་འགྲེམས་སྟོན་ནང་ཞུགས་མཁན་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་2669དང་རྒྱལ་ཕྱིའི་འགྲེམས་སྟོན་ཚོང་པ་1020ཟིན་པ་དེ་ན་ནིང་དང་བསྡུར་ན་14.4%འཕར་ཡོད། སྐབས་འདིའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ཀྱིས་རྒྱས་སྐྲུན་བྱས་པའི་ནན་ཉིང་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ཀྱི་འགྲེམས་ཁང་གསར་པ་ཐོག་མར་སྤྱོད་རྒྱུ་ཡིན་པ་དང་འགྲེམས་སྟོན་བྱ་ཡུལ་གྱི་གཞི་ཁྱོན་སྨི་ངོས་གྲུ་ཁྲི་3དང་འགྲེམས་གནས་1200ཙམ་མང་དུ་ཕྱིན་པ་དང་འགྲེམས་གནས་བསྡོམས་འབོར་5800ཟིན་ནས་སྐབས་རིམ་བྱུང་གི་གཞི་ཁྱོན་ཆེ་ཤོས་སུ་གྱུར་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་འགྲེམས་སྟོན་ནང་ས་ཁོངས་ཕྱིའི་རྒྱལ་ཁབ་31འགྲེམས་སྟོན་ནང་ཞུགས་རྒྱུའི་རེ་ཞུ་བྱས་ཡོད། དོན་དངོས་ཐོག་རྒྱལ་ཁབ་18དང་ཁེ་ལས་80ལྷག་ཙམ་བཀོད་སྒྲིག་བྱས་པ་དེའི་ནང་སི་རི་ལན་ཁ་དང་། རྒྱ་གར། ཕ་ཁི་སི་ཐན། ཧ་སག་སི་ཐན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་ཚུད་ཡོད་པ་རེད།
         སྐབས་འདིའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ནང་གྲགས་ཅན་ཁེ་ལས་ཞུགས་ཚད་དེ་སྐབས་གོང་མ་ལས་10%འཕར་ཡོད་པ་དང་། ཀྲུང་གོ་ལྕགས་ལམ་ཤར་ཕྱོགས་རྒྱལ་སྤྱི་དང་། ཀྲུང་གོ་ཧ་ཡང་ལས་རིགས། ཧྭ་ཝུའེ། རྒྱལ་ཁབ་གློག་ཤུགས། ཀོང་ཤིས་མ་འཇོག་ཚོགས་པ། ཨ་ལི་པ་པ་སོགས་འཛམ་གླིང་རབ་གྲས་ཁེ་ལས་500ནང་གི་ཁག་གཅིག་དང་། ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས། སྤུས་རྟགས་ཁེ་ལས། དངུལ་རྩའི་སྒྲིག་གཞི་བཅས་དངོས་མང་སྟོན་ཚོགས་ནང་ཞུགས་རྒྱུ་ཡིན་པ་རེད།