མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མཚོ་སྔོན་དུ་གསར་གཏོད་ཤེས་ལྡན་པ་ཕུལ་བྱུང་ནང་འདྲེན་བྱས་ན་མཐོ་ཤོས་ལ་སྒོར་
ཁྲི་150ཡི་རྒྱབ་སྐྱོར་ཐོབ་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་12ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་2ཉིན་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། 《མཚོ་སྔོན་ཞིང་ཆེན་གྱི“གསར་གཏོད་ཤེས་ལྡན་པ་ཕུལ་བྱུང་སྟོང་གི་འཆར་གཞི”ལག་བསྟར་ཞིབ་སྲོལ་》དེ་ཉེ་ཆར་བཟོས་ནས་གྲུབ་ཅིང་། སྲིད་ཇུས་དེ་གཞིར་བཟུང་ན་མཚོ་སྔོན་ཞིང་ཆེན་དུ་ནང་འདྲེན་བྱས་པའི་གསར་གཏོད་ཤེས་ལྡན་པ་ཕུལ་བྱུང་ལ་མཐོ་ཤོས་སྒོར་ཁྲི་150ཡི་དམིགས་བསལ་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པ་རེད།
          ལག་བསྟར་ཞིབ་སྲོལ་ནང་ནང་འདྲེན་བྱས་པའི་ཤེས་ལྡན་པར་མཐོ་ཤོས་སྒོར་ཁྲི་150ཡི་དམིགས་བསལ་རྒྱབ་སྐྱོར་ཐོབ་རྒྱུ་དང་ཤེས་ལྡན་པ་གསོ་སྐྱོང་ཐད་མཐོ་ཤོས་སྒོར་ཁྲི་100ཡི་དམིགས་བསལ་རྒྱབ་སྐྱོར་ལོངས་སྤྱོད་བྱ་རྒྱུ་ཡོད་པ་མ་ཟད། གསར་གཏོད་ལས་གཏོད་ཚོགས་པ་ནང་འདྲེན་དང་གསོ་སྐྱོང་ཐད་སོ་སོར་སྒོར་ཁྲི་20དང་སྒོར་ཁྲི་10ཡི་ཚོགས་པའི་འཛུགས་སྐྲུན་གྲོན་དངུལ་གྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་གི་རེ་ཞུའི་ཆེད་དོན་རྣམ་གྲངས་གལ་ཆེན་དང་དེ་བཞིན་གཙོ་གནད་ཞིབ་སྤེལ་འཆར་གཞིའི་རྣམ་གྲངས། རྨང་གཞིའི་ཞིབ་འཇུག་འཆར་གཞིའི་རྣམ་གྲངས་བཅས་ཐད་སྔོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་རེད། ཤེས་ལྡན་པ་གསོ་སྐྱོང་དང་ནང་འདྲེན་ཐད་གོ་རིམ་ལྟར་ཆེད་ལས་ལག་རྩལ་གོ་མིང་གི་མཐོ་རིམ་གཞོན་པ་ཡན་གྱི་ཐོབ་ཐང་རེ་ཞུ་ཡང་བྱེད་ཆོག་པ་བཅས་ཁ་གསལ་བཟོས་ཡོད།