མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ངལ་རྩོལ་འགན་སྲུང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་རིགས་བདུན་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་དགོས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་13ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་1ཚེས་1ཉིན་ནས་བཟུང་《ངལ་རྩོལ་འགན་སྲུང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་རིགས་བདུན་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་ཐབས་》ཞེས་པ་ལག་ལེན་བསྟར་འགོ་རྩོམ་རྒྱུ་རེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ངལ་རྩོལ་ལྟ་ཞིབ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ཟླ་9ཚེས་12ཉིན་ངལ་རྩོལ་འགན་སྲུང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་རིགས་བདུན་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་དགོས་ཞེས་བརྗོད་པ་རེད།
         ངལ་རྩོལ་འགན་སྲུང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་རིགས་བདུན་གྱི་ནང་དུ།  གཅིག  ངལ་རྩོལ་པའི་ངལ་རྩོལ་ཐོབ་ཆ་འཕྲི་གཅོག་དང་རྒྱུ་མཚན་མེད་པར་དུས་འགྱངས་ཆད་ལུས་བྱས་པ་མ་ཟད། གྲངས་འབོར་ཅུང་མང་རིགས་དང་། ངལ་རྩོལ་ཐོབ་ཆ་གཏན་ནས་མི་སྤྲོད་པ་བཅའ་ཁྲིམས་ལྟར་ཁྲིམས་འཛིན་ལས་ཁུངས་ལ་བསྐྱལ་ནས་ཉེས་འགན་བདའ་འདེད་བྱས་རིགས། གཉིས། ཁྲིམས་ལྟར་སྤྱི་ཚོགས་འགན་བཅོལ་ལ་མི་ཞུགས་པའམ་ཡང་ན་ཁྲིམས་ལྟར་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་མི་སྤྲོད་པའི་གནས་ཚུལ་ཚབས་ཆེ་རིགས། གསུམ། ལས་ཀའི་དུས་ཚོད་དང་ངལ་གསོ་གུང་སེང་སྐོར་གྱི་གཏན་འབེབས་ལ་འགལ་བའི་གནས་ཚུལ་ཚབས་ཆེན་རིགས། བཞི། བུད་མེད་ལས་བཟོ་པ་དང་ལོ་ན་མ་ལོན་པའི་ལས་བཟོ་པའི་དམིགས་བསལ་གྱི་ངལ་རྩོལ་སྲུང་སྐྱོང་སྐོར་གྱི་གཏན་འབེབས་ལ་འགལ་བའི་གནས་ཚུལ་ཚབས་ཆེན་རིགས། ལྔ། ཕྲུ་གུ་གླ་པ་གླས་མི་ཆོག་པའི་གཏན་འབེབས་དང་འགལ་རིགས། དྲུག  ངལ་རྩོལ་འགན་སྲུང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཀྱི་རྐྱེན་གྱིས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་རིགས། བདུན། ངལ་རྩོལ་འགན་སྲུང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་གཞན་དག་བཅས་འདུས་པ་རེད།