མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《"ལོ་ལྔ་ཚན་བཅུ་གསུམ་པའི"ཡུལ་སྐོར་ལས་རིགས་འཕེལ་
རྒྱས་ཀྱི་འཆར་འགོད་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་ཆོག་མཆན་ཐོབ་པ་བཞིན་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《“ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་འཆར་འགོད་》པར་འགྲེམས་བྱས་ཤིང་། 《འཆར་འགོད་》ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་སྤྱིའི་བསམ་ཕྱོགས་དང་། གཞི་རྩའི་དམིགས་ཚད། ལས་འགན་གཙོ་བོ། འགན་ལེན་བྱ་ཐབས་བཅས་བཏོན་ཡོད་པ་དང་དེ་ནི་སླད་ཕྱིན་ལོ་ལྔའི་རིང་རང་རྒྱལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་བྱ་སྤྱོད་ཀྱི་རྩ་འཛིན་དང་རྩ་བའི་གཞི་འཛིན་ས་ཞིག་ཡིན།
         《འཆར་འགོད་》ནང་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོར་གཏོང་དང་ཕན་ནུས་ཆེར་གཏོང་བརྗོད་དོན་གཙོ་བོ་དང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་གཙོ་རྐང་དུ་འཛིན་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གང་མགྱོགས་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་རྣམ་པའི་ཡུལ་སྐོར་གྱི་རྒྱལ་ཁབ་ཆེན་པོ་ཧུར་ཐག་སྐྲུན་ཐུབ་པ་བྱེད་པ་བཅས་ཀྱི་སྒོ་ནས་ཡུལ་སྐོར་ལས་རིགས་དེ་ཉིད་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྣེ་འདྲེན་ཐོན་ལས་གལ་ཆེན་ཞིག རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ངོམ་སའི་གཞི་རྟེན་གལ་ཆེན་ཞིག དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་པའི་སྟོབས་ཤུགས་གསར་པ་ཞིག་བཅས་ལ་འགྱུར་བ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གལ་ཆེན་འབུལ་དགོས་ཞེས་བསྟན་ཡོད།
         《འཆར་འགོད་》ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་དམིགས་ཚད་ཆེན་པོ་བཞི་མངོན་འགྱུར་ཡོང་བ་བྱེད་དགོས་པ་སྟེ། གཅིག་ནི་ཡུལ་སྐོར་དཔལ་འབྱོར་བརྟན་པོའི་ངང་འཕར་བ་བྱེད་དགོས་པ་དང་། གཉིས་ནི་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་གཏོང་དགོས་པ། གསུམ་ནི་མི་དམངས་མང་ཚོགས་དེ་བས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས་པ། བཞི་ནི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་དགོས་པ་བཅས་བཏོན་ཡོད།
         《འཆར་འགོད་》ནང་ཡུལ་སྐོར་ལས་རིགས་གསར་གཏོད་སྐུལ་སྤེལ་དང་། མཐུན་སྦྱོར་སྐུལ་འདེད། ལྗང་མདོག་འཕེལ་རྒྱས། སྒོ་དབྱེ་མཉམ་ལས། མཉམ་སྐྲུན་མཉམ་སྤྱོད་སོགས་ཐད་ཀྱི་ལས་འགན་སྒོ་ཀུན་ནས་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།