མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།གཞི་རིམ་གྱི་བྱིས་པའི་ཕན་བདེ་དང་སྲུང་སྐྱོང་ཞབས་ཞུའི་མ་ལག་རྒྱལ་ཡོངས་ཀྱི་གྲོང་ཚོ་དང་
སྡེ་ཁུལ་ཁྲི་5.9ལ་ཁྱབ་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། དྲུག་གཅིག་བྱིས་པའི་དུས་ཆེན་འཆར་ཉེའི་སྐབས་ཀྱི་ཟླ་5ཚེས་31ཉིན་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་དང་དམངས་སྲིད་པུའི་སྤྱི་ཚོགས་ལས་དོན་སིས“གྲོང་ཚོ་དང་གྲོང་ལྷན་ལ་ཞབས་ཞུ་ཁྱབ་གདལ་བཏང་ནས་བྱིས་པ་ཚང་མར་སྲུང་སྐྱོང་བྱེད་དགོས”ཞེས་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་བྱིས་པའི་ཕན་བདེ་དང་སྲུང་སྐྱོང་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་མཉམ་འབྲེལ་ཐོག་སྤེལ་འགོ་བཙུགས་ཤིང་། སྤེལ་འགོ་ཚུགས་པའི་མཛད་སྒོའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོས་གྲོང་ཚོ་(སྡེ་ཁུལ)ཁྲི་5.9ལྷག་ཙམ་ལ་གཞི་རིམ་གྱི་བྱིས་པའི་ཕན་བདེ་དང་སྲུང་སྐྱོང་ཞབས་ཞུའི་མ་ལག་བཙུགས་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བསྔགས་བརྗོད་གནང་བ་རེད།
          ཀྲུང་གོ་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་2010ལོར་ཀྲུང་གོའི་བྱིས་པའི་ཕན་བདེའི་གཟའ་འཁོར་གྱི་རིམ་སྤེལ་དྲིལ་བསྒྲགས་བྱེད་སྒོ་ཐོག་མར་སྤེལ་འགོ་བཙུགས་ནས་བྱིས་པའི་ཕན་བདེའི་བྱ་གཞག་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དར་སྤེལ་བཏང་བ་དང་། བྱེད་སྒོ་དེ་འདི་ལོ“ཀྲུང་གོའི་བྱིས་པའི་ཕན་བདེ་དང་སྲུང་སྐྱོང་དྲིལ་བསྒྲགས་གཟའ་འཁོར”ལ་དངོས་སུ་རིམ་སྤོར་བྱས་པ་རེད།
          འདས་ཟིན་པའི་ལོ་གཅིག་ནང་ཀྲུང་གོ་སྲིད་གཞུང་གིས་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དེ་ཐོག་ནས་ཀྲུང་གོའི་བྱིས་པའི་ཕན་བདེ་དང་སྲུང་སྐྱོང་མ་ལག་དེ་ཆད་གསབ་རྣམ་པ་ནས་ཀུན་ཕན་རྣམ་པར་ཕྱོགས་ཡོངས་ནས་རིགས་སྒྱུར་རིམ་སྤོར་བྱས་པ་མཚོན་ཡོད་པ་རེད།
         ན་ནིང་ཟླ་6པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《དཀའ་ངལ་ཡོད་པའི་བྱིས་པའི་འགན་ལེན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》ཡོངས་བསྒྲགས་བྱས་པ་དེའི་ནང་ཁ་གསལ་བཏོན་པ་སྟེ། གྲོང་ཚོ་(གྲོང་མི)ཨུ་ཡོན་ལྷན་ཁང་གིས་གྲོང་ཚོ་(གྲོང་མི)ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། སློབ་ཆེན་ཐོན་པའི་གྲོང་དཔོན། ཡང་ན་ཆེད་ལས་སྤྱི་ཚོགས་ལས་དོན་པ་སོགས་ཀྱིས་འགན་(གཅིག་ལྕོགས)འཁུར་བའི་བྱིས་པའི་ཕན་བདེའི་ལྟ་སྐུལ་མཛུབ་ཁྲིད་པའམ་ཡང་ན་བྱིས་པའི་ཁེ་དབང་ལྟ་ཞིབ་པ་འཛུགས་དགོས་པ་དེ་རེད། གླེང་གཞི་དེ་ནི་དམངས་སྲིད་པུའུ་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་པའི་གཞི་རིམ་གྱི་བྱིས་པའི་ཕན་བདེ་དང་སྲུང་སྐྱོང་མ་ལག་རྣམ་གྲངས་མིག་དཔེར་འཛིན་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཞིག་རེད། རྣམ་གྲངས་དེས་ཀྲུང་གོའི་ཐག་རིང་ལུང་ཁུག་དང་ས་ཁུལ་དབུལ་པོའི་དཀའ་ངལ་ཡོད་པའི་བྱིས་པར་དམིགས་ནས་ཕན་བདེ་དང་སྲུང་སྐྱོང་མ་ལག་མཁོ་འདོན་བྱས་པས་གཞི་རིམ་ལ་སྤྱོད་གོ་ཆོད་པའི་ཞབས་འདེགས་ཞུ་སྟངས་ཆ་ཚང་ཞིག་འཚོལ་ཞིབ་ཐུབ་ཡོད་པ་རེད།
          2010ལོར་གཞི་རིམ་གྱི་བྱིས་པའི་ཕན་བདེ་དང་སྲུང་སྐྱོང་ཞབས་ཞུའི་མ་ལག་གི་རྣམ་གྲངས་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་(ཧོ་ནན་དང་། སི་ཁྲོན། ཧྲན་ཤིས། ཤིན་ཅང་། ཡུན་ནན)གྲོང་ཚོ་120ལ་ཚོད་ལྟ་བྱེད་འགོ་བཙུགས་ཡོད། མིག་སྔར་རྣམ་གྲངས་ཀྱི་མ་དཔེ་དེ་ས་ཁུལ་ཁག་གིས་གྲོང་ཚོ་(སྡེ་ཁུལ)ཁྲི་5.9ལྷག་ཙམ་ལ་ཁྱབ་གདལ་བཏང་ཡོད་པ་རེད། རྣམ་གྲངས་ཁུལ་དུ་ས་གནས་དེ་གའི་གྲོང་མི་བྱིས་པའི་ཀྲུའུ་རེན་ལ་བདམས་ནས་འགན་འཁུར་དུ་བཅུག་པ་དང་གཞི་རྩའི་སྤྱི་ཚོགས་ཀྱི་ལས་ཀའི་རྩལ་ནུས་གསོ་སྦྱོང་དང་ལེན་བྱེད་དུ་བཅུག་སྟེ་དཀའ་ངལ་ཡོད་པའི་བྱིས་པའི་ཁྱིམ་ཚང་ལ་འདྲི་རྩད་བྱེད་པ་དང་། བྱིས་པའི་སློབ་ཞུགས་དང་། ཐེམ་ཐོ་བཟོ་བ། རིམས་འགོག་སྨན་ཁབ་རྒྱག་པ། ཨེམ་ཆི་བསྟེན་པ་དེ་བཞིན་འཕྲོད་བསྟེན་འགན་སྲུང་གི་ཞབས་ཞུ་དང་ལེན་བྱེད་པ་བཅས་ལ་སྐུལ་འདེད་དམ་ཡང་ན་རོགས་རམ། མ་མཐའི་འཚོ་བ་འགན་ལེན་ནམ་ཡང་ན་སྤྱི་ཚོགས་ཀྱི་རོགས་སྐྱོབ་རེ་ཞུ། བྱིས་པའི་སྤྱི་ཚོགས་བྱེད་སྒོ་སྒྲིག་འཛུགས་བཅས་བྱེད་ཀྱི་ཡོད་པ་རེད།