མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་ཐོ་བཏང་ནས་ལྟ་སྐུལ་ཞིབ་བཤེར་ཆེན་པོ་ཐེངས་བཞི་པ་བཀོད་
སྒྲིག་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་2017ལོའི་ལོ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་མངོན་འགྱུར་ཐུབ་པ་བྱ་ཆེད་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་ཐོ་བཏང་ནས་ལྟ་སྐུལ་ཞིབ་བཤེར་ཆེན་པོ་ཐེངས་བཞི་པ་བཀོད་སྒྲིག་བྱས་པ་རེད།
          བརྡ་ཐོའི་ནང་ད་ཐེངས་ཀྱི་ལྟ་སྐུལ་ཞིབ་བཤེར་ཆེན་པོའི་སྤྱིའི་བླང་བྱ་ནི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》ནང་བཏོན་པའི་ལས་འགན་དང་བླང་བྱར་དམིགས་ཏེ་ལྟ་སྐུལ་ཞིབ་བཤེར་བྱས་ནས་དོན་འཁྱོལ་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“མཚོན་ཆ་རྣོ་ངར་ཅན”གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ། སྲིད་ཇུས་དོན་འཁྱོལ་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འདི་ཉིད་ལུགས་མཐུན་གྱི་བར་མཐོངས་ནང་འཁོར་རྒྱུག་ཐུབ་པའི་འགན་ལེན་དང་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པ་དེ་ཡིན་ཞེས་བླང་བྱ་བཏོན་པ་རེད།