མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རིག་གནས་པུས་རྒྱན་འགྱེད་དང་འབྲེལ་བ་ཡོད་པའི་རོལ་རྩེད་ཁང་བཅོས་སྒྲིག་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ས་ཆ་ཁ་ཤས་སུ་རོལ་རྩེད་ཁང་དུ་རྒྱན་འཛུགས་བྱེད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐོན་ཡོད། རོལ་རྩེད་ཁང་གི་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་གཏོང་ཆེད། རིག་གནས་པུས་རོལ་རྩེད་ཁང་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་གནས་ཁག་གི་རིག་གནས་སྲིད་འཛིན་སྡེ་ཚན་དང་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་སྐྱོང་སྒྲིག་གཞིར་ཆེད་དོན་བྱ་སྤྱོད་སྤེལ་ཏེ་རོལ་རྩེད་ཁང་གི་སྒྲིག་འགལ་གྱི་རོལ་རྩེད་སྒྲིག་ཆས་ལ་ཞིབ་བཤེར་ནན་པོ་བྱས་ནས་རོལ་རྩེད་ཁང་གི་རྒྱན་འགྱེད་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
          གསར་འགོད་པར་རིག་གནས་པུའི་རིག་གནས་ཁྲོམ་ར་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རོལ་རྩེད་ཁང་གི་རྒྱན་འགྱེད་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་ཆེད། རིག་གནས་པུས་རྒྱན་འགྱེད་སྒྲོག་སྤེལ་སོགས་སྒྲིག་འགལ་གྱི་རོལ་རྩེད་སྒྲིག་ཆས་དང“ཁྲིམས་འགལ་གྱི་རོལ་རྩེད་ཐིང”སོགས་རང་དགར་རོལ་རྩེད་ཁང་གཉེར་སྐྱོང་བྱེད་སྒོ་སྤེལ་ཡུལ་དེ་བཅོས་སྒྲིག་གི་གཙོ་གནད་ལ་བརྩིས་ཡོད་པ་རེད། རིག་གནས་པུས་ས་གནས་ཁག་གི་རིག་གནས་སྲིད་འཛིན་ཚན་པ་དང་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་སྐྱོང་སྒྲིག་གཞིར་རོལ་རྩེད་ཀྱི་སྒྲིག་ཆས་ལ་ཞིབ་བཤེར་ནན་པོ་བྱས་ནས་རིག་གནས་སྲིད་འཛིན་ཚན་པས་ནང་དོན་ཞིབ་དཔྱད་མ་བྱས་པ་དང་རྒྱན་འགྱེད་སྒྲོག་སྤེལ་གྱི་རོལ་རྩེད་སྒྲིག་ཆས་ལ་ཞིབ་བཤེར་ནན་པོ་བྱེད་དགོས་པ་དང་། ཁྲིམས་སྐྱོང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལྟར་རང་དགར་རོལ་རྩེད་ཁང་གཉེར་སྐྱོང་གི་བྱེད་སྒོ་སྤེལ་ཡུལ་མེད་པ་བཟོས་པ་དང་སྒོ་རྒྱག་དགོས་པ། སྤྱི་བདེ་ལས་ཁུངས་དང་མཉམ་དུ་རོལ་རྩེད་ཁང་གི་རྒྱན་འགྱེད་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས་རོལ་རྩེད་ཁང་གིས་རྒྱན་པོ་འགྱེད་མཁན་ལ་རོལ་རྩེད་བྱ་ཡུལ་མཁོ་འདོན་བྱས་རིགས་《རོལ་རྩེད་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་》ཁྲིམས་ལྟར་རྩིས་མེད་མཐའ་གཅིག་ཏུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
         ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་ནང་ས་གནས་ཁག་གི་རིག་གནས་སྲིད་འཛིན་ཚན་པ་དང་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་སྐྱོང་སྒྲིག་གཞིས་རོལ་རྩེད་ཁང་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་སྒྲིག་འགལ་གྱི་གཉེར་སྐྱོང་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་རེད། མིག་སྔའི་བར་ཁྲིམས་སྐྱོང་མི་སྣ་མི་ཐེངས་ཁྲི་10ལྷག་ཙམ་བཏང་ནས་རོལ་རྩེད་ཁང་ཁྲི་3.8ལྷག་ཙམ་ལ་ཞིབ་བཤེར་བྱས་ནས་གྱོད་གཞི་ཁག་355གྱོད་ཐག་བཅད་པ་དང་། རོལ་རྩེད་ཁང་76མེད་པ་བཟོས་ནས་སྒོ་བརྒྱབ་པ། རོལ་རྩེད་ཁང་26ལས་མཚམས་འཇོག་རྒྱུའི་བཀའ་བཏང་བ་བཅས་བྱས་ཡོད། དེའི་ནང་ཧྲང་ཧའེ་གྲོང་ཁྱེར་གྱིས་རང་དགར་བཙུགས་པའི་རོལ་རྩེད་བྱེད་སྒོ་སྤེལ་ཡུལ་མུ་མཐུད་བཅོས་སྒྲིག་བྱས་ནས་གྱོད་གཞི་ཁག་83གྱོད་ཐག་བཅད་པ་དང་། ཧའེ་ནན་ཞིང་ཆེན་གྱིས་རོལ་རྩེད་ཁྲོམ་རར་གཅིག་སྡུད་ཞིབ་བཤེར་བྱས་ནས་ཟླ་4པར་རོལ་རྩེད་ཁང་11མེད་པ་བཟོས་པ་དང་རོལ་རྩེད་ཁང་4ལ་ཆད་པ་བཅད་ཡོད་པ་རེད།