མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་མཐོ་རིམ་སློབ་འབྲིང་དཀྱུས་མའི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་
ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མའི་སློབ་ཡོན་ཙག་ཙིག་མེད་པ་བཟོ་
བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་11.7སྤྲད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་23ཉིན། 15:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་21ཉིན། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། 《མཐོ་རིམ་སློབ་འབྲིང་དཀྱུས་མའི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མའི་སློབ་ཡོན་ཙག་ཙིག་མེད་པ་བཟོ་རྒྱུའི་སྐོར་གྱི་ནོར་སྲིད་པུའུ་དང་སློབ་གསོ་པུའི་བསམ་འཆར་》གྱི་བླང་བྱ་གཞིར་བཟུང་། 2016ལོའི་སྟོན་དུས་ཀྱི་སློབ་དུས་ནས་བཟུང་མཐོ་རིམ་སློབ་འབྲིང་དཀྱུས་མའི་ཡིག་ཚགས་དང་གཱ་བཟོས་པ་སོགས་ཀྱི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མའི་(ཡིག་ཚགས་དང་གཱ་བཟོས་མེད་པའི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་དབང་སྐྱོན་སློབ་མ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་གི་སློབ་མ། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོབ་འཚོ་སྐྱོང་སློབ་མ་བཅས་ཚུད་ཡོད)སློབ་ཡོན་ཙག་ཙིག་ཆག་ཡང་དང་རྩ་ཆག་བཏང་བ་རེད། སློབ་ཡོན་ཙག་ཙིག་མེད་པ་བཟོ་བའི་ལས་དོན་ཡག་པོ་བསྒྲུབ་ཆེད། ཉེ་ཆར་ཀྲུང་དབྱང་ནོར་སྲིད་ཀྱིས་2017ལོར་མཐོ་རིམ་སློབ་འབྲིང་དཀྱུས་མའི་ཡིག་ཚགས་དང་གཱ་བཟོས་པ་སོགས་ཀྱི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མའི་སློབ་ཡོན་ཙག་ཙིག་གི་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར་11.7སྤྲད་པ་དེའི་ནང་ནུབ་རྒྱུད་ས་ཁུལ་དུ་སྒོར་དུང་ཕྱུར་8སྤྲད་པ་དེས་68.4%བཟུང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་ཇུས་ལག་བསྟར་བྱས་པ་དེས་རྒྱལ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པ་སོགས་ཀྱི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་ཁྲི་142.5ལ་ཕན་པ་ཐོབ་རྒྱུ་མ་ཟད། སློབ་གསོར་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གཞོགས་འདེགས་བྱ་རྒྱུ་ཡིན་པ་རེད།