མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།“གཞུང་གསུམ”གྲོན་དངུལ་ཉུང་དུ་གཏོང་བ་ལས་མང་དུ་མི་གཏོང་བ་རྒྱུན་འཁྱོངས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་23ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་21ཉིན། ཀྲུང་དབྱང་གི་སྡེ་ཚན་103གྱིས་2016ལོའི་ལོ་འཁོར་གྱི་མཇུག་རྩིས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་པ་དེ་ནི་ཀྲུང་དབྱང་གི་རིམ་པ་དེ་གས་སྤྱི་ཚོགས་ལ“རྩིས་ཐོ”ལོ་བདུན་བསྟུད་མར་ཡོངས་བསྒྲགས་བྱས་པ་ཞིག་རེད། འདི་ལོ་ཡོངས་བསྒྲགས་བྱས་པའི“རྒྱལ་ཁབ་ཀྱི་རྩིས་ཐོའི”ནང་དོན་ཕུན་སུམ་ཇེ་ཚོགས་དང་གཞི་གྲངས་དེ་བས་ཞིབ་ཚགས་སུ་ཕྱིན་ཡོད་པ་རེད།
          ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་སྡེ་ཚན་གྱི“གཞུང་གསུམ”གྲོན་དངུལ་ཉུང་དུ་གཏོང་བ་ལས་མང་དུ་མི་གཏོང་བ་མངོན་འགྱུར་བྱུང་ནས་འདི་ལོ་མུ་མཐུད་ཆག་ཡོད་པ་རེད། གྲངས་གཞི་གསར་ཤོས་ཐོག་ནས་མངོན་པར་གཞིགས་ན། 2016ལོར་ཀྲུང་དབྱང་གི་རིམ་པ་དེ་གའི“གཞུང་གསུམ”གྲོན་དངུལ་གཏོང་སྒོ་སྒོར་དུང་ཕྱུར་48.25ཟིན་པ་དེ་སྔོན་རྩིས་གྲངས་གཞི་ལས་སྒོར་དུང་ཕྱུར་14.85ཉུང་དུ་ཕྱིན་ནས་23.5%ཆག་པ་དང་། 2015ལོ་ལས་སྒོར་དུང་ཕྱུར་5.48ཉུང་དུ་ཕྱིན་ནས་10.2%ཆག་ཡོད། དེའི་ནང་གཞུང་དོན་ཆེད་ཕྱི་རྒྱལ་དུ་སྐྱོད་པའི་འགྲོ་གྲོན་སྒོར་དུང་ཕྱུར་18.19ཟིན་པ་དེ་སྔོན་རྩིས་གྲངས་གཞི་ལས་10.3%ཆག་པ་དང་། གཞུང་སྤྱོད་རླངས་འཁོར་ཉོ་སྒྲུབ་དང་དེའི་འཁོར་སྐྱོད་ཉམས་གསོའི་གྲོན་དངུལ་སྒོར་དུང་ཕྱུར་25.87ཟིན་པ་དེ་སྔོན་རྩིས་གྲངས་གཞི་ལས་24.8%ཆག་པ། གཞུང་དོན་སྣེ་ལེན་གྲོན་དངུལ་སྒོར་དུང་ཕྱུར་4.19ཟིན་པ་དེ་སྔོན་རྩིས་གྲངས་གཞི་ལས་50.2%ཆག་ཡོད་པ་རེད། 
          འདི་ལོ་ཀྲུང་དབྱང་སྡེ་ཚན་གྱིས་རྣམ་གྲངས་ཁག་གཅིག་གི་ལས་རྗེས་རང་གདེང་གྲུབ་འབྲས་དང་དེ་བཞིན་《རྣམ་གྲངས་ཀྱི་གཏོང་སྒོའི་ལས་རྗེས་རང་གདེང་རེའུ་མིག་》ཐོག་མར་ཡོངས་བསྒྲགས་བྱས་པ་དང་། ཀྲུང་དབྱང་སྡེ་ཚན་ཁག་གིས་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་ལ་གཞིགས་ནས། རྣམ་གྲངས་ཀྱི་གཏོང་སྒོའི་ལས་རྗེས་རང་གདེང་ཐད་རིམ་པ་དང་པོའི་རྣམ་གྲངས་དང་རིམ་པ་གཉིས་པའི་རྣམ་གྲངས་ཁྱོན་ཡོངས་ལ་ཁྱབ་རྒྱུ་མངོན་འགྱུར་བྱུང་ནས་ཕན་འབྲས་ཅུང་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། ཀྲུང་དབྱང་ཁེ་ལས་འགའ་ཤས་ཀྱིས་གཙོ་གནད་རྣམ་གྲངས་ཁག་གཅིག་གི་ལས་རྗེས་རང་གདེང་བྱེད་པའི་ཁྲོད་རིགས་གཅིག་མཁས་ཅན་ནང་འདྲེན་བྱས་པ་དང་ཕྱོགས་གསུམ་པའི་སྒྲིག་གཞི་ཞུགས་པས། ལས་རྗེས་གདེང་འཇོག་གི་སྤུས་ཚད་མཐོ་རུ་ཕྱིན་པ་མ་ཟད་གདེང་འཇོག་གྲུབ་འབྲས་ཀྱང་དེ་བས་དངོས་མཐུན་དང་གཞུང་དྲང་དུ་ཕྱིན་ཡོད་པ་རེད།
          ཀྲུང་དབྱང་སྡེ་ཚན་གྱི་མཇུག་རྩིས་ཐད་ཡོངས་བསྒྲགས་ནང་དོན་ཞིབ་ཚགས་སུ་གཏོང་བ་དང་ཡོངས་བསྒྲགས་བྱེད་སྟངས་ལེགས་སུ་གཏོང་བ་སོགས་ལ་སླར་ཡང་འཕེལ་རྒྱས་གསར་པ་བྱུང་ཞིང་། དཔལ་འབྱོར་རིགས་དབྱེའི་མཇུག་རྩིས་དེ་བས་ཐད་ཀར་དང་དབང་བའི་དཔལ་འབྱོར་གྱི་རིགས་དབྱེའི་གཏོང་སྒོའི་གཞི་གྲངས་རེའུ་མིག་གཅིག་གི་ཐོག་གཅིག་སྡུད་བཀོད་ཡོད་པ་རེད། གཞུང་ཁོངས་རྒྱུ་ནོར་བཟུང་སྤྱོད་གནས་ཚུལ་དེ་བས་ཁ་གསལ་དུ་ཕྱིན་ཞིང་། ཡོངས་བསྒྲགས་བྱས་པའི་སྔོན་རྩིས་དང་མཇུག་རྩིས་ཀྱི་སྲིད་ཇུས་མུ་མཐུད་ཕྱོགས་སྡོམ་བྱེད་པ་དང་ཆབས་ཅིག ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྔོན་རྩིས་གཏོང་སྒོ་ཁག་གཅིག་ཡོངས་བསྒྲགས་བྱེད་པའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆར་ཐོག་མར“ཐུམ་རྒྱག”ཡོངས་བསྒྲགས་བྱས་པ་དང་། མཇུག་རྩིས་ཡོངས་བསྒྲགས་ཀྱི་གསལ་འགྲེལ་བརྙན་ལམ་ཐོག་མར་བཟོས་ནས་མཇུག་རྩིས་ཡོངས་བསྒྲགས་དེ“མཐོང་ཐུབ་པ”མ་ཟད“གསལ་པོར་མཐོང་རྒྱུ”དང“ལྟ་སྐུལ་ཐུབ་རྒྱུར”སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཐོག་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ལ་ཨ་ལན་ཧུར་ཐག་སློག་ཡོད་པ་རེད།