མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལམ་ལུགས་མ་ལག་
གཏན་འཁེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་29ཉིན། 11:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པའི་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་སྲོལ་ཡིག་》དང་། 《རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་སྲོལ་ཡིག》 《དམག་དཔུང་གི་བྱས་རྗེས་མཚན་སྙན་གཟེངས་བསྟོད་སྲོལ་ཡིག》 《“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་ཐབས》 《“བདུན་གཅིག་གི་བྱས་རྗེས་གཟེངས་རྟགས”སྤྲོད་ཐབས》 《“བརྒྱད་གཅིག་གི་བྱས་རྗེས་གཟེངས་རྟགས”སྤྲོད་ཐབས》 《“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་ཐབས་》བཅས་ལག་བསྟར་བྱེད་རྒྱུར་ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་ཡོད།