མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཡར་སྐུལ་གྱི་འཐབ་ཇུས་
ལག་བསྟར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་
གསར་གཏོད་བྱ་རྒྱུ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་
རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་29ཉིན། 11:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་གནང་བ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར་《གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཡར་སྐུལ་གྱི་འཐབ་ཇུས་ལག་བསྟར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ་གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་སྔར་བས་གོ་རིམ་ལྡན་པའི་ངང་ལེགས་སུ་གཏོང་བ་དང་། སྲིད་ཇུས་ཀྱི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་འཇུར་མིག་མེད་པར་བཟོས་པ། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས་ཁྱབ་རྒྱ་དེ་བས་ཆེ་བ་དང་། རིམ་པ་དེ་བས་མཐོ་བ། ཚད་གཞི་དེ་བས་མཐོ་བ་བཅས་ཀྱི་ཐོག་ནས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
          《བསམ་འཆར་》ནང་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུ་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུ་ནི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཡར་སྐུལ་གྱི་འཐབ་ཇུས་ལག་ལེན་བསྟར་བའི་གཞི་རྟེན་གལ་ཆེན་ཞིག་ཡིན། གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང“ལྷུག་གཏོང་དང་། དོ་དམ། ཞབས་ཞུ”སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཁོང་ཡངས་གསར་གཏོད་ཀྱི་གཟབ་ནན་ཆེ་བའི་ལྟ་སྐུལ་དོ་དམ་ལམ་སྲོལ་བཙུགས་ནས་སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས་པ་དང་། གསར་གཏོད་ལས་གཏོད་ཀྱི་ཁྱབ་རྒྱ་སྔར་བས་ཆེ་རུ་གཏོང་བ་དང་གསར་གཏོད་ལས་གཏོད་ཀྱི་ཚོགས་སྤྱི་སྔར་བས་རྒྱུ་མང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཁེ་ལས་ཆེན་པོ་དང་། ཚན་ཞིབ་ཁང་། མཐོ་རིམ་སློབ་གླིང་བཅས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་རིགས་ཁག་གི་ཁྲོམ་རའི་བྱེད་པོ་རྒྱུན་འཁོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས་པ། གསར་གཏོད་ལས་གཏོད་ཀྱི་ཚན་རྩལ་ནང་དོན་སྔར་བས་གོང་མཐོར་བཏང་སྟེ་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དང་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་སོགས་ཀྱི་གསར་གཏོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྐུལ་སློང་ཤུགས་ཆེན་བྱས་ཐོག་རྨང་གཞི་ཞིབ་འཇུག་དང་ཉེར་སྤྱོད་ལག་རྩལ་ཞིབ་འཇུག་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་གྲུབ་འབྲས་དེ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་མགྱོགས་སུ་བཏང་ནས་གསར་གཏོད་རྣམ་པའི་ལས་གཏོད་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས་པ། གསར་གཏོད་ལས་གཏོད་ཀྱི་འཕེལ་རྒྱས་གྲུབ་འབྲས་སྔར་བས་ཤུགས་ཆེར་བཏང་སྟེ་གསར་གཏོད་ལས་གཏོད་དང་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུ་དང་མཉམ་འདྲེས་ཟབ་མོ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང“དྲ་སྦྲེལ་+”དང་། “ཀྲུང་གོའི་ལན་པར་2025” དམག་དམངས་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་བྱེད་ཐབས་གལ་ཆེན་དང་ཟུང་འབྲེལ་བྱས་ནས་ལག་རྩལ་གསར་པ་དང་། ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་མགྱོགས་མྱུར་འཕེལ་རྒྱས་དང་ཐོན་ལས་གྲུབ་ཆ་ལེགས་འགྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས། གསར་གཏོད་རྩ་བར་བྱེད་པ་དང་རྩེ་གྲ་སྣེ་ཁྲིད་དང་། སྔོན་ལ་སྒྱུར་བཅོས་དང་གནད་སྨིན་ཇུས་འགོད། ཤེས་ལྡན་མི་སྣ་སྔོན་ལ་འཇོག་པ་དང་བྱེད་པོ་མཉམ་འགུལ། ཁྲོམ་རས་གཙོ་ཁྲིད་དང་ཐོན་ཁུངས་བསྡུ་སྒྲིལ། རིན་ཐང་གསར་གཏོད་དང་འཕེལ་རྒྱས་མཉམ་སྤྱོད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་གསལ་པོ་བསྟན་ཡོད།