མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཆེས་མཐོའི་ཁྲིམས་ཁང་གིས་བརྡ་ཐོ་བཏང་ནས་རིམ་ཁག་ཁྲིམས་ཁང་གིས་ཁྲིམས་འཛིན་གྱིས་
གྱོད་གཞི་རྩད་གཅོད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་《ད་ཆའི་ཁྲིམས་འཛིན་གྱིས་གྱོད་གཞི་རྩད་གཅོད་བྱེད་པའི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོ་》བཀྲམ་པའི་ནང་། རྒྱལ་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་ད་ལྟ་དང་འདི་ལོའི་རྗེས་ཀྱི་ཟླ་བ་འགའི་འདྲི་གཅོད་ལག་བསྟར་ལས་དོན་ཡག་པོ་བསྒྲུབས་ནས་ལོ་ཧྲིལ་པོའི་ཁྲིམས་འཛིན་གྱིས་གྱོད་གཞི་རྩད་གཅོད་བྱེད་པའི་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཁྲིམས་འཛིན་གྱི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་ཡོད།
        ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དོ་དམ་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། འདི་ལོའི་ཟླ་བརྒྱད་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་གསར་པ་ཁྲི་1589བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་15.7%མང་དུ་སོང་བ་དང་། གྱོད་གཞི་ཁྲི་1267འདྲི་གཅོད་མཇུག་བསྒྲིལ་བ་དེ་དུས་མཚུངས་ལས་13.6%འཕར་བ། གྱོད་ཐག་གཅོད་ཚད་66.6%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.1འཕར་བ། གྱོད་གཞི་ཁྲི་637ཐག་གཅོད་ཐུབ་མེད་པ་དེ་དུས་མཚུངས་ལས་13.1%མང་དུ་སོང་བ་བཅས་རེད།
        བརྡ་ཐོའི་ནང་། ཁྲིམས་འཛིན་གྱིས་གྱོད་གཞི་རྩད་གཅོད་རྒྱུར་དམ་འཛིན་ནན་པོ་བྱ་རྒྱུ་ནི་ལས་འགན་ཨང་དང་པོ་ཡིན་པས། འདྲི་གཅོད་ཀྱི་འགན་ནུས་ལེགས་པར་བཏོན་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་འགན་ལེན་ཐུབ་རྒྱུར་ཞབས་འདེགས་ཧུར་ཐག་ཞུ་དགོས་པ་དང་། སྒྱུར་བཅོས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་ནས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཏན་ཏིག་བསལ་ཏེ་ཆེས་མཐོའི་ཁྲིམས་ཁང་གི“ལོ་གསུམ་རིང་སྤྱིར་ན་ལག་བསྟར་བྱེད་དཀའ་བའི་གནད་དོན་སེལ་རྒྱུའི”དམིགས་ཚད་དུས་བཀག་བཞིན་འགྲུབ་ཐུབ་པ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྲིད་ཁྲིམས་ཀྱི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་མ་བཏང་ནས་སྲིད་ཁྲིམས་འགན་འཁྲིའི་ལམ་ལུགས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་གྱིས་འདྲི་གཅོད་དབང་ཆ་སྤྱོད་པའི་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་གཏོང་དགོས། སྣ་མང་གི་རྩོད་གཞི་སེལ་བའི་ལམ་སྲོལ་གྱི་ནུས་པ་ལེགས་པར་བཏོན་ནས་གྱོད་གཞི་ལྗིད་རྫོབ་དང་སྟབས་བདེ་ཁག་བགོས་ཀྱི་སྒྱུར་བཅོས་ལ་སྐུལ་མ་མཐའ་གཅིག་ཏུ་གཏོང་དགོས་པ་བཅས་བསྟན་ཡོད།
        བརྡ་ཐོའི་ནང་། གྱོད་ཁོངས་སུ་འཇུག་པའི་དོ་དམ་ལས་ཀར་དམ་འཛིན་བྱས་ནས་རྐང་གཏད་ནས་གྱོད་ཁོངས་སུ་འཇུག་པའི་ཚད་གཞི་མཐོ་རུ་གཏོང་བ་དང་། གྱོད་ཁོངས་སུ་འཇུག་རྒྱུ་ནར་འགྱངས་བྱེད་པ། ལོ་མཇུག་ནས་གྱོད་གཞི་བདག་སྤྲོད་མི་བྱེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐོན་རྒྱུ་མཐའ་གཅིག་ཏུ་འགོག་དགོས་པ་དང་། འདྲི་གཅོད་དུས་བཀག་གི་དོ་དམ་དང་། དུས་ཡུན་རིང་མོར་ཐག་གཅོད་མ་བྱས་པའི་གྱོད་གཞི་གཙང་སེལ། གྱོད་གཞི་ཐག་གཅོད་ཀྱི་དོ་དམ་བཅས་ལ་དམ་འཛིན་ནན་པོ་བྱས་ནས་ཐག་གཅོད་རྫུས་མ་སྙན་སེང་ཞུ་བ་དང་ཞུ་གཏུག་ཕྱིར་འཐེན་བྱེད་དུ་འཇུག་པ་ཐོན་རྒྱུ་སྔོན་འགོག་ཏན་ཏིག་བྱེད་དགོས། ཁྲུན་གཅོད་ཀྱི་ཚད་གཞི་དང་ཁྲུན་གཅོད་ཚད་འཛིན་གྱི་དོ་དམ་ལ་དམ་འཛིན་ཡག་པོ་བྱས་ནས་ཁྲིམས་ལུགས་སྤྱོད་འཐུས་དང་ཁྲུན་གཅོད་ཚད་འཛིན་གཅིག་གྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
        ད་དུང་བརྡ་ཐོའི་ནང་། རིམ་ཁག་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་རྩད་གཅོད་དང་། ཁྲིམས་དཔོན། ཞུ་གཏུག་བྱེད་མཁན་མང་ཚོགས་བཅས་རང་ལ་གཞིགས་རྒྱུ་མཐའ་འཁྱོངས་བྱས་ཁར་དོ་བདག་དང་། གནད་དོན། དགོས་འདུན་བཅས་ཕྱོགས་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་མ་ཏན་ཏིག་བཏང་ནས་གྱོད་གཞི་རྩད་གཅོད་ལས་སྟེགས་ཀྱི་བརྟན་པའི་རང་བཞིན་དང་སྤྱོད་བདེའི་རང་བཞིན་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། དུས་ཐོག་ཏུ་དོ་བདག་གྱི་ལུགས་མཐུན་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས་པའི་བླང་བྱའང་བཏོན་ཡོད།