མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་2017ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་
གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་འཁོར་ཐད་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་17ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། 2017ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་འགོད་མཛུབ་སྟོན་ནང་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་འཁོར་ནི་གསར་གཏོད་ལས་གཏོད་པ་ཚོའི་བསམ་བློ་བརྗེ་རེས་དང་། གྲུབ་འབྲས་སྤེལ་རེས། ཉམས་འགྱུར་ངོམས་སྟོན་བཅས་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཡིན། མིག་སྔར་གཉིས་གཏོད་དང་ལས་རིགས་ཁག་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བ་དང་། ཁྲོམ་རའི་དགོས་མཁོ་དང་སྤྱི་ཚོགས་ཀྱི་གསར་གཏོད་ཐོན་ཁུངས་ཆེན་པོ་གནད་སྨིན་སྦྲེལ་མཐུད་བྱུང་བས་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་བྱེད་ནུས་ནུས་ལྡན་ངང་འཕེལ་བ་དང་། སྒུལ་ནུས་གསར་རྙིང་སྒྱུར་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་བ། དྲང་གཞག་གི་གོ་སྐབས་དང་ལས་ཞུགས་བྱེད་ཤུགས་རྒྱ་ཆེར་གཏོང་རྒྱུར་སྐུལ་མ་ཐེབས་པ་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མུ་མཐུད་ལག་བསྟར་ནན་ཏན་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བརྩིས་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་དང་། མཉམ་འདྲེས་དང་། མཉམ་ལས། མཉམ་སྤྱོད་བཅས་ཀྱི་གཉིས་གཏོད་ཀྱི་སྣོད་བཅུད་ཁོར་ཡུག་སྔར་བས་སྐྱེད་སྲིང་བྱས་ནས་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་ཞིག་ནུས་ཤུགས་ཡོད་རྒུས་བཏོད་པ་དང་། བསྟུན་མཁས་གཟབ་ནན་གྱི་ལྟ་སྐུལ་དོ་དམ་ལམ་ལུགས་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་དུ་འཕེལ་རྒྱས་འགྲོ་བའི་རྣམ་པ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ཏེ་གྲངས་གཞི་ཅན་གྱི་དཔལ་འབྱོར་དང་ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་གཉིས་གཏོད་ཀྱི་གྲུབ་འབྲས་མང་པོ་ཐོབ་པའི་བརྩོན་ལེན་བྱས་ནས་ཐོན་ལས་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་། སྒུལ་ནུས་གསར་པ་རྒྱུན་སྲིང་སྟོབས་ཆེར་འགྲོ་བ། ཤེས་ལྡན་མི་སྣ་གསར་པ་ཟམ་མི་ཆད་པར་ཐོན་པ་བཅས་ལ་བརྟེན་ནས་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་བསྟན་གནང་བ་རེད།