མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་ནང་ལ་ཞུགས་པའི་དམ་ཚིག

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་17ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          དམ་ཚིག་གཤམ་གསལ་དུ།
          ང་ནི་རང་མོས་ཐོག་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ཏེ་ཏང་གི་རྩ་འཛིན་ལ་བརྩི་བཀུར་དང་། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་། ཏང་ཡོན་གྱི་འོས་འགན་བསྒྲུབ་པ། ཏང་གི་ཆོད་དོན་ལག་བསྟར། ཏང་གི་སྒྲིག་ཁྲིམས་ནན་སྲུང་། ཏང་གི་གསང་དོན་དམ་སྲུང་། ཏང་ལ་བློ་དཀར་ཟོལ་མེད། ཧུར་བརྩོན་གྱིས་ལས་དོན་བསྒྲུབ་པ་བཅས་བྱས་ནས་གུང་ཁྲན་རིང་ལུགས་ཀྱི་དོན་དུ་རང་ཉིད་ཀྱི་ཡོད་རྒུ་བློས་གཏོང་རྒྱུའི་གྲ་སྒྲིག་བྱས་ཡོད་ལ། དུས་ནམ་ཡང་ཏང་ལ་རྒྱབ་གཏོད་མི་བྱེད་ཅེས་པ་ཡིན།