མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ཡིག་གཟུགས་འགྲེམས་སྟོན་ཆེ་མོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་
ངང་འཚོག་རྒྱུར་བསུ་བ་ཞུས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་18ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་16ཉིན་གྱི་སྔ་དྲོར་ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་དང་རྟེན་འབྲེལ་ཞུ་ཕྱིར། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོ་ཡིག་གཟུགས་མཁས་པའི་མཐུན་ཚོགས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ཐེབས་རྩ་ཚོགས་པ། ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་བཅས་ཀྱིས་གཙོ་གཉེར་བྱས་པའི“མི་རིགས་ཀྱི་རྐང་འཛིན་——ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་དང་རྟེན་འབྲེལ་ཞུ་བའི་རྒྱལ་ཡོངས་ཡིག་གཟུགས་འགྲེམས་སྟོན་ཆེ་མོ”འགོ་ཚུགས་པ་རེད།
         ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་དང་རྟེན་འབྲེལ་ཞུ་ཕྱིར། ཀྲུང་གོ་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱིས་དབང་གྲགས་ཆེ་བའི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ། འཐུས་ཚབ་རང་བཞིན་དང་རྒྱ་ཁྱབ་རང་བཞིན་གཅིག་གྱུར་དང་། ཕུལ་བྱུང་མི་སྣ་དང་དཔའ་བོའི་ཚོགས་སྤྱི་གཉིས་ཀར་ལྟ་རྟོག ལོ་རྒྱུས་ཀྱི་རིན་ཐང་དང་དུས་རབས་ཀྱི་དོན་སྙིང་ཟུང་འབྲེལ་བཅས་ཀྱི་རྩ་དོན་གཞིར་བཟུང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱི་ཆབ་རྒྱུན་ཁྲོད་ནས་ཕུལ་བྱུང་གི་ལོ་རྒྱུས་མི་སྣ་དང་དཔའ་བོ་100ལྷག་བདམས་པ་དང་སྦྲགས། དེ་འབྲེལ་གྱི་ལོ་རྒྱུས་ཡིག་ཚགས་ཁྲོད་ནས་གསར་རྩོམ་གྱི་ནང་དོན་དང་མི་སྣའི་རྣམ་ཐར་ཐུང་ངུ་རྩོམ་སྒྲིག་ཡག་པོ་བྱས་ཏེ་དེང་རབས་ཡིག་གཟུགས་མཁས་པ་བརྒྱ་ལྷག་གིས་ལྷག་བསམ་ཟོལ་མེད་ལ་བརྟེན་ནས་སྨྱུ་གུ་སྒུལ་ཏེ་ལོ་རྒྱུས་སྙན་ངག་ལྟ་བུའི་ཐོག་ནས་མི་རིགས་ཀྱི་རྐང་འཛིན་སྐོར་གྱི་ཡིག་གཟུགས་བརྩམས་ཆོས་བྲིས་ཏེ། མི་རིགས་ཀྱི་རྐང་འཛིན་གྱིས་ལོ་རྒྱུས་ལ་ཕུལ་བའི་ལེགས་སྐྱེས་དང་སྙིང་སྟོབས་བྲིས་ཐོག མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་དང་ཀྲུང་གོའི་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ལེགས་སྐྱེས་ཕུལ་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ལ་བཏོན་པའི་ཡིག་གཟུགས་བརྩམས་ཆོས་དག་ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གིས་ཉར་ཚགས་བྱ་རྒྱུ་ཡིན་པ་རེད། འགྲེམས་སྟོན་ཟླ་10ཚེས་30ཉིན་མཇུག་འགྲིལ་རྒྱུ་རེད།