མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུས་ཝུན་ཙའེ་དབྱིན་གྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་མཛའ་བརྩེ་ཟབ་མོར་
བསྔགས་བརྗོད་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་16ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཀྲུང་གོར་འཚམས་འདྲི་གནང་རིང་བྱེད་སྒོ་སྤེལ་ཡུལ་མང་དག་ཅིག་ཏུ་ལོ་རྒྱུས་ཀྱི་གནད་དོན་གླེང་ནས། ཧན་གོའི་མི་དམངས་ཀྱིས་ནན་ཅིང་དམར་གསོད་ཆེ་མོའི་ནང་ཀྲུང་གོའི་མི་དམངས་ཀྱིས་མྱངས་པའི་སྡུག་བསྔལ་དེ་རང་ཉིད་ལ་བྱུང་བ་ལྟར་ཡོང་གི་འདུག་ཅེས་གསུངས་པར་དམིགས་ཏེ་ཚེས་14ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཧན་གོ་སྲིད་གཞུང་དང་ཧན་གོའི་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོའི་མི་དམངས་ལ་བཅངས་པའི་མཛའ་བརྩེ་ཟབ་མོར་བསྔགས་བརྗོད་བྱས་པ་རེད།
         ཚེས་13ཉིན་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པའི་ཉིན་དང་པོར་བྱེད་སྒོ་སྤེལ་ཡུལ་མང་དག་ཅིག་ཏུ་ལོ་རྒྱུས་ཀྱི་གནད་དོན་གླེང་ནས་ཟླ་12ཚེས་13ཉིན་ནི་ནན་ཅིང་དམར་གསོད་ཆེ་མོའི་དོན་རྐྱེན་ཐོན་ནས་ལོ་80འཁོར་བའི་དྲན་གསོའི་ཉིན་མོ་ཡིན་པས། ཀྲུང་གོ་མི་དམངས་ཀྱིས་མྱངས་པའི་སྡུག་བསྔལ་དེ་ཧན་གོའི་མི་དམངས་ཀྱིས་རང་ཉིད་ལ་བྱུང་བ་ལྟར་བྱེད་ཀྱི་ཡོད་ཅེས་གསུངས། ཁོང་གིས་ཧན་གོའི་མི་དམངས་ཀྱི་ཚབ་ཞུས་ནས་མྱ་ངན་ཞུ་རྒྱུ་ཡིན་ལ། སྐྱོ་གདུང་དྲག་པོ་བྱུང་བའི་སྐྱེ་བོ་མང་དག་ཅིག་ལ་འཚམས་འདྲི་ཡང་ཞུ་རྒྱུ་ཡིན་ཞེས་གསུངས། ཁོང་གིས་ད་དུང་ཧན་ཀྲུང་རྒྱལ་ཁབ་གཉིས་པོས་དུས་ཡུན་རིང་པོའི་ནང་གཟི་བརྗིད་དང་བརྙས་བཅོས་མཉམ་མྱོང་བྱས་ཡོད་ལ། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་མཉམ་དུ་འགོག་རྒོལ་དང་རི་པིན་གྱི་མི་སེར་སྤེལ་བའི་དབང་སྒྱུར་ལ་མཉམ་དུ་འགོག་རྒོལ་ཡང་བྱས་ཡོད། ཀྲུང་གོ་དར་རྒྱས་འགྲོ་སྐབས་ཧན་གོ་ཡང་དར་རྒྱས་སོང་ཡོད། ཀྲུང་གོར་བར་ཆད་འཕྲད་སྐབས་ཧན་གོར་ཡང་བར་ཆད་འཕྲད་ཡོད། ཨེ་ཤེ་ཡའི་བྱང་ཤར་ས་ཁུལ་གྱིས་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པའི་རྣམ་འགྱུར་ཐོག་ནས་མཉམ་ལས་ཀྱི་སྒོ་མོ་འབྱེད་དགོས་ཞེས་གསུངས། གཞན་ཡང་གནས་ཚུལ་སྤེལ་བའི་ནང་ཀྲུང་གོར་བཅའ་སྡོད་ཧན་གོའི་གཞུང་ཚབ་ཆེ་མོ་བ་ལུའུ་དབྱིང་མིན་གྱིས་སྔོན་བཀོད་ཀྱི་འཆར་གཞི་བཞིན་གནམ་ཐང་དུ་ཙུང་ཐུང་ཝུན་ཙའེ་དབྱིན་བསུ་བར་ཕེབས་རྒྱུ་ཡིན་མོད། འོན་ཀྱང་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ལུའུ་དབྱིང་མིན་ལ་ནན་ཅིང་དུ་བསྐྱོད་ནས་ནན་ཅིང་དམར་གསོད་ཆེ་མོའི་ནང་རྐྱེན་ལམ་དུ་ཤོར་མཁན་ལ་དྲན་གསོ་ཞུ་བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོའི་ནང་ཞུགས་དགོས་པའི་མཛུབ་སྟོན་གནང་བ་འཁོད་ཡོད།
         དེའི་ཐད་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཧན་གོ་སྲིད་གཞུང་དང་ཧན་གོའི་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོའི་མི་དམངས་ལ་བཅངས་པའི་མཛའ་བརྩེ་ཟབ་མོར་བསྔགས་བརྗོད་བྱས་ཤིང་། ཀྲུང་ཧན་རྒྱལ་ཁབ་གཉིས་པོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་རི་པིན་གྱི་མི་སེར་སྤེལ་བའི་བཙན་འཛུལ་ལ་འགོག་རྒོལ་དང་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ནང་མཐུན་སྒྲིལ་རོགས་རེས་བྱས་ཡོད་ལ། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ལེན་རྒྱུར་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད་ཅེས་གསུངས་པ་རེད།
         ལུའུ་ཁང་གིས་ཚེས་13ཉིན་ཀྲུང་གོས་ནན་ཅིང་དམར་གསོད་ཆེ་མོའི་ནང་རྐྱེན་ལམ་དུ་ཤོར་མཁན་ལ་དྲན་གསོ་ཞུ་བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོ་གཟབ་རྒྱས་གཉེར་ཏེ་ནན་ཅིང་དམར་གསོད་ཆེ་མོའི་ནང་རྐྱེན་ལམ་དུ་ཤོར་མཁན་དང་རི་པིན་བཙན་འཛུལ་པས་དམར་གསོད་བཏང་བའི་སྤུན་ཟླར་རྗེས་དྲན་ཞུས་པ་དང་། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་རང་སྲོག་བློས་གཏོང་མཁན་གྱི་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་མི་རིགས་ཀྱི་དཔའ་བོར་རྗེས་དྲན་ཞུས་པ། ཀྲུང་གོ་མི་དམངས་དང་མཉམ་དུ་ལག་གདང་སྦྲེལ་ནས་རི་པིན་བཙན་འཛུལ་པར་འགོག་རྒོལ་བྱས་པ་ལས་སྲོག་ཤོར་བའི་རྒྱལ་སྤྱིའི་འཐབ་འཛིང་པ་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་དྲན་གསོ་ཞུས་པ་རེད། བྱེད་སྒོའི་ཐོག་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་སེམས་ནང་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། ཞི་བདེར་གཅེས་སྤྲས་བྱེད་པ། འབྱུང་འགྱུར་གཏོད་པའི་ལངས་ཕྱོགས་བརྟན་པོ་བཅས་མངོན་གསལ་དུ་བསྟན་པ་མ་ཟད། ཀྲུང་གོ་མི་དམངས་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པའི་བླ་ན་མེད་པའི་རེ་འདོད་རྔམ་བརྗིད་ལྡན་པའི་ངང་མཚོན་པར་བྱས་པ་རེད།
          ཁོང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚེས་13ཉིན་སྤེལ་བའི་གཏམ་བཤད་ནང་གསལ་པོར་བསྟན་པ་ལྟར། ལོ་རྒྱུས་ལ་ངོས་འཛིན་ཡང་དག་བྱས་ཚེ། འབྱུང་འགྱུར་ཡག་པོ་དེ་བས་གཏོད་ཐུབ། ཀྲུང་ཧན་རྒྱལ་ཁབ་གཉིས་ནི་འཛམ་གླིང་དམག་ཆེན་གཉིས་པའི་ནང་གནོད་འཚེ་ཕོག་མཁན་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ལོ་རྒྱུས་ལ་ངོས་འཛིན་ཡང་དག་བྱས་ཚེ་གཞི་ནས་སྐྱོ་གདུང་གི་ལོ་རྒྱུས་བསྐྱར་དུ་ཐོན་རྒྱུ་སྔོན་འགོག་ཐུབ་པའི་འདོད་ཚུལ་འཛིན་གྱི་ཡོད་ཅེས་གསུངས་པ་རེད།
         “ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་གཞུང་ཚབ་ཆེ་མོ་བ་ལུའུ་དབྱིང་མིན་ནན་ཅིང་དམར་གསོད་ཆེ་མོའི་ནང་རྐྱེན་ལམ་དུ་ཤོར་མཁན་ལ་དྲན་གསོ་ཞུ་བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོའི་ནང་ཞུགས་རྒྱུར་མངགས་པ་དེར་ང་ཚོས་བསྔགས་བརྗོད་བྱ་རྒྱུ་ཡིན། བྱ་སྤྱོད་དེ་ལས་ཀྲུང་གོའི་མི་དམངས་ལ་བཅངས་པའི་མཛའ་བརྩེ་ཟབ་མོ་མངོན་གྱི་ཡོད་ལ། ཧན་གོ་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་དྲང་བདེན་བརྟན་པོ་སྲུང་བའང་མཚོན་གྱི་ཡོད” ལུའུ་ཁང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་སྲུང་སྐྱོང་བྱས་ནས་ཐུན་མོང་གི་འགན་འཁྲི་དང་འོས་འགན་དང་དུ་བླངས་ཏེ་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།