མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་
པའི"དཔེ་སྟོན་སློབ་ཁང་ཁྲི"སྐྲུན་འགོ་བཙུགས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་24ཉིན། 16:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསླབ་གཞིར་འཁོད་ཐུབ་པ་དང་། སློབ་ཁང་དུ་ཁྲིད་པ། ཀླད་པར་ཟུག་པ་བཅས་བྱེད་ཆེད། ཉེ་ཆར་གསར་འགོད་པར་སློབ་གསོ་པུས་སློབ་གསོའི་ཁོངས་གཏོགས་སུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི“དཔེ་སྟོན་སློབ་ཁང་ཁྲི”བསྐྲུན་རྒྱུའི་གཏན་འབེབས་བྱས་པ་ཤེས་རྟོགས་བྱུང་།
     ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོ་པུས་སློབ་གསོའི་ཁོངས་གཏོགས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ཕྱོགས་ཏེ། “མི་བརྒྱའི་སྒྲོག་འགྲེལ་ཚོགས་པའི”རིགས་གཅིག་མཁས་ཅན་གྱི“དབང་གྲགས་རང་བཞིན་གྱི་དཔེ་སྟོན་སློབ་ཁང”དང་། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་རྐང་འཛིན་དགེ་རྒན་གྱི“གྲགས་ཅན་དགེ་རྒན་གྱི་དཔེ་སྟོན་སློབ་ཁང” སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཕུལ་བྱུང་དགེ་རྒན་གྱི“ཁྱད་ལྡན་དཔེ་སྟོན་སློབ་ཁང”བཅས་བསྐྲུན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་དཔེ་སྟོན་སློབ་ཁང་ཁྲི་བསྐྲུན་རྒྱུ་ཡིན་པ་རེད། 
     “དཔེ་སྟོན་སློབ་ཁང་ཁྲི”ཡི་ནང་ཚོགས་སྤྱི་མི་འདྲ་བ་དང་། སློབ་ཁྲིད་དུས་མཚམས་མི་འདྲ་བ། སློབ་ཚན་མི་འདྲ་བ་བཅས་བྱས་ཏེ་སློབ་གསོ་དང་སློབ་ཁྲིད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོན་ཐུབ་པའི་འགན་ལེན་བྱེད་པ་དང་ཆབས་ཅིག་སློབ་གསོའི་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཏང་ཡོན་དང་། འགོ་ཁྲིད་ལས་བྱེད་པ། དགེ་རྒན་དང་ལས་བཟོ་བ་བཅས་ལ“འདུ་ཤེས་བཞི”བརྟན་པོར་འཆང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “ཞབས་ཞུ་བཞི”མཐའ་འཁྱོངས་བཅས་ཀྱི་ཁྲིད་སྟོན་བྱས་ནས་བསམ་བློ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་དང་། སྟོབས་ཤུགས་ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་ལ་ཕབ་པའི་ལས་འགན་ཁག་གི་ཐོག་གཅིག་ཏུ་སྒྲིལ་ཐུབ་པ་བྱ་རྒྱུ་རེད།
    སློབ་གསོ་པུས་ས་གནས་ཁག་གི་ཏང་ཨུད་སློབ་གསོའི་ལས་དོན་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་ཏན་ཏིག་བཏང་སྟེ“དཔེ་སྟོན་སློབ་ཁང་ཁྲི”བསྐྲུན་རྒྱུ་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་སྤྱིའི་བཀོད་སྒྲིག་རེའུ་མིག་ནང་འཇུག་དགོས། འཛུགས་སྐྲུན་བྱེད་པོ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་དགེ་རྒན་སྒྲིག་འཛུགས་བྱས་ཏེ་ལས་དོན་ཁག་ཞིབ་ཕྲ་སྤེལ་རྒྱུའི་འགན་འཁུར་དགོས། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ས་ཁུལ་མི་འདྲ་བ་དང་། ཚོགས་སྤྱི་མི་འདྲ་བ། སློབ་ཁྲིད་དུས་མཚམས་མི་འདྲ་བ། སློབ་ཚན་མི་འདྲ་བ་བཅས་ཀྱི་ཁྱད་ཆོས་གཞིར་བཟུང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་རྒྱུན་གཏན་གྱི་སློབ་ཁྲིད་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་མཉམ་འདྲེས་དམ་ཟབ་དང་ལེགས་འདེམས་འཛུགས་སྐྱོང་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།