མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མ་ཁའེ་ཡིས་བཀའ་མངགས་ལྟར“ཤར་ཕྱོགས་རྒྱུ་སྐར”རྟགས་ཅན་གྱི་འགྲུལ་སྐྱེལ་གྲུ་
གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མིའི་ནང་མི་
ཁག་གཅིག་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་08ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མ་ཁའེ་ཡིས་ཚེས་6ཉིན་གྱི་ཕྱི་དྲོར་ཧུའུ་པེ་ཞིང་ཆེན་ཅན་ལི་རྫོང་དུ“ཤར་ཕྱོགས་རྒྱུ་སྐར”རྟགས་ཅན་གྱི་འགྲུལ་སྐྱེལ་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མི་ཁག་གཅིག་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།
      ཅན་ལི་རྫོང་དུ་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མི་སྡོད་ཡུལ་དུ་མ་ཁའེ་ཡིས་ནང་མི་རེ་རེ་བཞིན་ལ་ཕྱག་བཏང་གནང་བ་དང་ནང་མིའི་རེ་འབོད་ནན་ཏན་ངང་གསན་ཞིང་། ཁོང་གིས“ཤར་ཕྱོགས་རྒྱུ་སྐར”རྟགས་ཅན་གྱི་འགྲུལ་སྐྱེལ་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་ཐོན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གིས་དེ་མ་ཉིད་དུ་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ནས་སྤྱོད་ཐུབ་པའི་བྱ་ཐབས་ཐམས་ཅད་སྤྱོད་པ་དང་སྐུལ་སློང་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་སྐུལ་སློང་བྱས་ཏེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་ཉེན་གྱར་མི་སྣ་འཚོལ་སྐྱོབ་དང་རྗེས་འཇུག་ལས་དོན་ལེགས་པར་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད། དོན་རྐྱེན་བྱུང་ནས་ཆུ་ཚོད་འགའ་ཞིག་སོང་རྗེས་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ཚོགས་ཆུང་སྣེ་ཁྲིད་དེ་གནས་ཚུལ་ཐོན་ཡུལ་དུ་ཕེབས་ནས་སྐྱོབ་རོགས་བཀོད་འདོམས་གནང་བ་རེད། མིག་སྔར་ད་དུང་འཐབ་འཛིང་པ་སྟོང་ཕྲག་དང་ལས་བྱེད་པ་ཁྲི་ཁ་ཤས་ཀྱིས་ཉེན་འགོག་སྐྱོབ་རོགས་དང་རྗེས་འཇུག་ལས་ཀའི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་ཡོད། ད་རེས་ཀྱི་དོན་རྐྱེན་ནང་མི་སྣ་འཆི་རྨས་ཚབས་ཆེན་བྱུང་ནས་ང་ཚོར་སེམས་སྡུག་ཆེན་པོ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་བཀའ་མངགས་ལྟར་ངས་ཚང་མར་ལྟ་བར་ཡོང་བ་ཡིན། རྐྱེན་ལམ་དུ་ཤོར་བའི་མི་སྣར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་སེམས་གསོ་འཚམས་འདྲི་ཞུ་རྒྱུ་ཡིན། ཚང་མས་མྱ་ངན་བསྲན་པ་དང་འབྲེལ་གཟུགས་གཞིར་དོ་སྣང་བྱ་རྒྱུའི་རེ་བ་ཡོད། ཏང་དང་སྲིད་གཞུང་གིས་མི་དམངས་ལ་ཚད་མཐོའི་འགན་ཁུར་བའི་རྣམ་འགྱུར་ཐོག་ནས་དོན་རྐྱེན་ཐག་གཅོད་དང་རྗེས་འཇུག་གི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     ནང་མི་ཚོས་དོན་རྐྱེན་ཐོན་རྗེས་ང་ཚོས་ཏང་དང་སྲིད་གཞུང་གིས་ཉེན་གྱར་མི་སྣ་འཚོལ་སྐྱོབ་བྱ་ཆེད་དཀའ་ཚེགས་ཆེ་བའི་འབད་བརྩོན་གནང་བ་མཐོང་བ་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བྱུང་། དེའི་ཐད་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་འབྲེལ་ཡོད་ལས་དོན་ལེགས་པར་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།