མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《2014ལོའི་ཀྲུང་གོའི་མིའི་ཐོབ་ཐང་གི་ལས་དོན་གོང་དུ་འཕེལ་ཚུལ་》ཞེས་པའི་
རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་09ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་8ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་《2014ལོའི་ཀྲུང་གོའི་མིའི་ཐོབ་ཐང་གི་ལས་དོན་གོང་དུ་འཕེལ་ཚུལ་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་ཏེ་ཀྲུང་གོའི་མིའི་ཐོབ་ཐང་གི་ལས་དོན་གང་ས་ཅི་ཐད་ནས་གྲུབ་འབྲས་ཐོབ་པ་ཕྱོགས་ཡོངས་ནས་ཞིབ་པར་བཤད་པ་དང་། རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དུ་2014ལོར་རྒྱལ་ཁབ་འཕེལ་རྒྱས་དང་ཡར་ཐོན་ཕྱིན་པ་ལས་ ཀྲུང་གོའི་མི་དམངས་ལ་ཁེ་ཕན་སྔར་ལས་ཏན་ཏིག་ཐོབ་ཅིང་། ཀྲུང་གོའི་མིའི་ཐོབ་ཐང་གི་ལས་དོན་ཐད་བསྐྱར་དུ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་བཤད་པ་རེད།
         རྒྱབ་ཤ་དཀར་པོའི་དེབ་ཡོངས་ལ་ཧ་ལམ་ཡིག་འབྲུ་ཁྲི་2.1ཡོད་པ་དང་། གཞི་གྲངས་དང་དོན་དངོས་འབོར་ཆེན་དྲངས་ནས་ཕྱོགས་དགུའི་ཐོག་ནས་ཀྲུང་གོའི་མིའི་ཐོབ་ཐང་གི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་མཚམས་སྦྱོར་བྱས་ཤིང་། དེར་འཕེལ་རྒྱས་ཀྱི་ཁེ་དབང་དང་། མི་ལུས་ཀྱི་ཁེ་དབང་། དམངས་གཙོའི་ཁེ་དབང་།  དྲང་པོ་དྲང་གཞག་གིས་འདྲི་གཅོད་བྱེད་དབང་། གྲངས་ཉུང་མི་རིགས་ཀྱི་ཁེ་དབང་། བུད་མེད་དང་། བྱིས་པ། རྒན་རྒོན་བཅས་ཀྱི་ཁེ་དབང་། དབང་པོ་སྐྱོན་ཅན་གྱི་ཁེ་དབང་། ཁོར་ཡུག་སྐོར་གྱི་ཁེ་དབང་། ཕྱི་ཕྱོགས་དང་སྤེལ་རེས་དང་མཉམ་ལས་བཅས་ཚུད་ཡོད་པ་རེད།
         རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དུ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་དུ་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་གིས་ཐོབ་དཀའ་བའི་མིའི་ཐོབ་ཐང་ལག་བསྟར་བྱས་འབྲས་དང་གསོག་འཇོག་བྱས་པའི་ཉམས་མྱོང་རྩ་ཆེན་གཅེས་འཛིན་ལྡབ་འགྱུར་བྱས་ཏེ་མིའི་ཐོབ་ཐང་འགན་སྲུང་དང་མངོན་འགྱུར་བྱེད་པར་ཕན་པའི་ལས་དོན་ཁག་འཕེལ་རྒྱས་ཧུར་ཐག་བཏང་ནས་འགྲོ་བ་མི་ཡོད་དོ་ཅོག་ལ་རང་ཉིད་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་དུ་བཅུག་སྟེ་མི་ཚེ་འདིར་ནུས་རྩལ་སྟོན་པའི་གོ་སྐབས་ལོངས་སུ་མཉམ་སྤྱོད་བྱེད་རྒྱུ་ཡོད་པ་དང་། ཕུགས་འདུན་དོན་དངོས་སུ་འགྱུར་བར་བྱེད་རྒྱུའི་གོ་སྐབས་ལོངས་སུ་མཉམ་སྤྱོད་བྱེད་རྒྱུ་ཡོད་པ། འདྲ་མཉམ་ངང་ཞུགས་པ་དང་འདྲ་མཉམ་ངང་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་ལོངས་སུ་མཉམ་སྤྱོད་བྱེད་རྒྱུ་ཡོད་པ་བཅས་བྱེད་དགོས་ཞེས་བཤད་ཡོད་པ་རེད།