མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུད་སྣེ་སྤྱོད་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་28ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུད་སྣེ་སྤྱོད་འགོ་ཚུགས་པ།

     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུད་སྣེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་ཀྲུང་གོའི་སྲིད་གཞུང་དྲ་བས་སྲིད་དོན་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་དང་དྲ་ཐོག་ནས་ཞབས་ཞུ་བྱེད་པའི་སྨྱན་སྦྱོར་གསར་པའི་སྟེགས་བུ་ཞིག་ཡིན་པ་དང་། གཙོ་བོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་། སྲིད་ཇུས་ཡིག་ཆ་གལ་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་གྱི་བྱེད་སྒོ་གལ་ཆེན་སོགས་སྲིད་དོན་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་མ་ཟད། སྲིད་གཞུང་གིས་སྤྱི་ཚོགས་ལ་ཞབས་ཞུ་མཁོ་འདོན་བྱེད་པ་དང་དམངས་བྱིངས་དང་མཉམ་འགུལ་སྤེལ་རེས་བྱེད་པའི་ཐབས་ལམ་གསར་པ་ཞིག་ཡིན་ཞིང་། འདི་ནི་2016ལོའི་ཟླ་2ཚེས་26ཉིན་ཧང་ཀྲོའུ་ཡི་གྲོང་མི་ཞིག་གིས་ལག་ཁྱེར་ཁ་པར་ནང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུད་སྣེའི་དྲ་ཤོག་བསྟན་པའི་གནས་ཚུལ་ཡིན་པ།