མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ཐད་མཛུབ་
སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་25ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་ནི་དེང་རབས་ཅན་གྱི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཏང་ཀྲུང་དབྱང་གིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། གོམ་སྟབས་རྗེས་མར་འགག་རྩ་དེ་སེམས་ནུས་གཅིག་སྒྲིལ་གྱིས་དམ་འཛིན་དང་གོམ་སྟབས་བརྟན་པོས་མདུན་དུ་བསྐྱོད་རྒྱུར་ཐུག་ཡོད། འདི་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོ་ཞིག་ཡིན་པས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ཐད་ངེས་པར་དུ་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་འཕེལ་རྒྱས་གསར་པ་ཡོང་བ་བྱེད་དགོས། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་གཙོ་བོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལྟེ་བར་བཟུང་ནས་ཐེམ་ཐོ་དང་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་རྒྱུར་དེ་བས་སྣང་ཆེན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ཡོང་རྒྱུར་དེ་བས་སྣང་ཆེན། ཁོར་ཡུག་མཐུན་འཕྲོད་དང་ལོ་རྒྱུས་རིག་གནས་རྒྱུན་འཛིན་ལ་དེ་བས་སྣང་ཆེན། མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་རྒྱུར་སྣང་ཆེན་བཅས་བྱེད་དགོས། ཚན་རིག་དང་མཐུན་པའི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་། འབྲེལ་ཡོད་ལྷན་སྦྱར་སྒྱུར་བཅོས་ལ་གཅིག་འདོམས་སྐུལ་འདེད། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་པ་དང་། ཁྱད་ཆོས་མངོན་གསལ། བློ་ཁོག་ཆེན་པོས་གསར་གཏོད་བཅས་བྱ་རྒྱུར་སྐུལ་ལྕག སྤྱི་ཚོགས་ཀྱི་མ་དངུལ་དེའི་ནང་ཞུགས་རྒྱུར་སྣེ་ཁྲིད་ཧུར་ཐག་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་ནི་དེང་རབས་ཅན་གྱི་ལྡོག་མེད་ལམ་བུ་ཞིག་ཡིན་ལ་རང་རྒྱལ་གྱི་ནང་མཁོའི་གཏིང་ཤུགས་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གནས་ས་ཞིག་ཡིན་པས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་བརྟན་པོ་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱི་བླང་བྱ་གཞིར་བཟུང་འཕར་བརྟན་པ་དང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ་བཅས་ལ་དམིགས་ནས་མི་གཙོ་བོར་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ལྟེ་བ་དང་སྤུས་ཚད་མཐོ་རུ་གཏོང་བའི་འགག་རྩར་དམ་འཛིན་ནན་པོ་བྱས་ནས་སྒྱུར་བཅོས་ཀྱི་བྱ་ཐབས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ཏེ་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ། ཡུལ་མིའི་དགོས་མཁོ་དང་འཚམ་པ་བྱེད་པའི་སྤྱི་པའི་ཐོན་རྫས་དང་སྤྱི་པའི་ཞབས་ཞུ་མཁོ་སྤྲོད་ལ་ཤུགས་སྣོན་ནུས་ལྡན་རྒྱག་པ། ཞིང་ལས་དེང་རབས་ཅན་དང་གཅིག་རམ་གཅིག་འདེགས་དང་ཕན་ཚུན་སྐུལ་སྤེལ་གྱི་སྒྲིག་གཞི་ལམ་སྲོལ་ནུས་ལྡན་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་མྱུར་ཚད་འབྲིང་མཐོའི་ཐོག་ནས་འཕར་རྒྱུར་སྐུལ་འདེད་དང་ཆུ་ཚད་འབྲིང་མཐོའི་ཐོག་སླེབས་པ་བྱ་རྒྱུར་སྒུལ་ཤུགས་ཆེན་པོ་སྣོན་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱས་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ལས་དོན་སྔར་བས་ལེགས་པར་བསྒྲུབ་རྒྱུའི་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》པར་འགྲེམས་བྱས་ཡོད། རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་བྱ་རྒྱུ་ནི་མིག་སྔ་དང་ཕུགས་ཟུང་འབྲེལ་གྱིས་བརྟན་པོ་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་འཐབ་ཇུས་བྱ་ཐབས་གལ་ཆེན་ཞིག་རེད། དེར་བརྟེན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་དོན་སྙིང་གལ་ཆེན་གསལ་བཤད་གང་ལེགས་ཐུབ་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་བརྟན་པོ་འཛུགས་པ་དང་ལག་ལེན་མཐར་ཕྱིན་གྱིས་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་གྱི་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།