མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཚན་གྱི་སྲིད་འཛིན་ཆོག་འཐུས་དོན་ཚན་
ཁག་13མེད་པ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་26ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་མཚན་རྟགས་བཀོད་ནས་ཆོག་མཆན་གནང་བ་བརྒྱུད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཚན་གྱི་སྲིད་འཛིན་ཆོག་འཐུས་དོན་ཚན་ཁག་13མེད་པ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་》དཔར་འགྲེམས་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཚན་གྱི་སྲིད་འཛིན་ཆོག་འཐུས་དོན་ཚན་ཁག་གཅིག་མེད་པ་བཟོ་རྒྱུའི་གཏན་འབེབས་བྱས་པ་རེད།
         ད་ཐེངས་མེད་པ་བཟོ་རྒྱུའི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཚན་གྱི་སྲིད་འཛིན་ཆོག་འཐུས་དོན་ཚན་ནང་ཁྱོན་སྡེ་ཚན་བཅུ་དང་འབྲེལ་བ་ཡོད་ཅིང་། གཙོ་བོ་གཤམ་གསལ་གྱི་ཁྱད་ཆོས་ལྡན་པ་སྟེ། གཅིག་ནི་ཚང་མ་མེད་པ་བཟོ་རྒྱུའི་དོན་ཚན་ཡིན་པ་ལས་གཤམ་སྤྲོད་ཀྱི་དོན་ཚན་མེད་པ་དང་། གཉིས་ནི་དོན་ཚན་ཁག་གཅིག་ལ“དོན་དངོས་ཀྱི་རིན་ཐང”ཅུང་ཆེ་བ་དང་། ད་ཐེངས་མེད་པ་བཟོ་རྒྱུའི་དོན་ཚན་ནང་དངུལ་རྩའི་ཁྱབ་ཁོངས་ཀྱི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། མི་སྒེར་རམ་ཁེ་ལས་ཀྱི་འོས་བབ་ཐོབ་ཐང་གཏན་འཁེལ། ཁེ་ལས་གཉེར་སྐྱོང་བྱེད་སྒོ་བཅས་ཚུད་པ་དག་གིས་80%ཡན་བཟུང་བ་དཔེར་ན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མེད་པ་བཟོ་རྒྱུའི“རིན་གོང་གསལ་འབྱེད་ར་སྤྲོད་པའི་ཐོ་འགོད་དང་ཞིབ་མཆན་འགོད་པར”ཆ་སྙོམས་ལོ་ལྟར་ཐོ་འགོད་མཁན་4000ཟིན་པ་དང་། རྒྱལ་ཁབ་ཀྱི་ཕྱི་རྒྱལ་རིགས་གཅིག་མཁས་ཅན་ཅུས་ཀྱིས་མེད་པ་བཟོ་རྒྱུའི“ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ནས་ཚན་པའི་ཐོབ་ཐང་ལ་ཁས་ལེན”གྱི་དོན་ཚན་དང་ཚན་པ་9000ལྷག་ཙམ་འབྲེལ་བ་ཡོད། དོན་ཚན་དེ་དག་མེད་པ་བཟོས་ཚེ་ཁྲོམ་རའི་གསོན་ཤུགས་འཕེལ་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་འགྲོ་རྒྱུ་རེད། གསུམ་ནི་མེད་པ་བཟོ་རྒྱུའི་དོན་ཚན་གྱི་བདེ་འཇགས་ཉེན་ཁར་ཚོད་སྐོར་དང་རིགས་པས་ཁུངས་སྐྱེལ་ནན་པོ་བྱས་པ་དང་ལྷག་དོན་དུ་སྤྱི་པའི་བདེ་འཇགས་དང་འབྲེལ་བ་ཡོད་པའི་མེད་པ་བཟོ་རིགས་ཀྱི་དོན་ཚན་རྣམས་ལ་ཉེན་ཁའི་སྔོན་འགོག་ཚོད་འཛིན་གྱི་ཟུར་ཚད་ཐོག་ནས་རིགས་པས་ཁུངས་སྐྱེལ་ནན་པོ་བྱས་ཏེ་སྲིད་འཛིན་ཆོག་འཐུས་དོན་ཚན་མེད་པ་བཟོས་པ་ལས་བདེ་འཇགས་ཀྱི་གནད་དོན་མི་ཐོན་པའི་འགན་ལེན་བྱས་པ་བཅས་རེད།