མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་རྒན་རྒོན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་25ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རྒན་རྒོན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་རང་རྒྱལ་གྱི་མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ནུས་ལྡན་གཅོག་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་ལ་མང་ཚོགས་དུང་ཕྱུར་མང་པོའི་བདེ་སྐྱིད་དང་ཡང་འབྲེལ་བ་ཡོད། དེར་བརྟེན་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་རྩེ་རིམ་གྱི་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་བུ་བཙའ་དང་། ལས་ཞུགས། རྒན་གསོ་སོགས་ཀྱི་སྲིད་ཇུས་དང་ལམ་ལུགས་གལ་ཆེན་འཐུས་སྒོ་ཚང་དུ་བཏང་ནས་དུས་ཐོག་ཏུ་ཁ་གཏད་དང་། ཚན་རིག་དང་མཐུན་པའི་ངང་ཁ་གཏད། ཕྱོགས་བསྡུས་ཁ་གཏད་བཅས་གཅོག་ཐུབ་པ་བྱེད་དགོས། གནད་དོན་དེ་ལས་ཀའི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་ལོ་ལྔ་ཚན་བཅུ་གསུམ་པའི་རིང་བཀོད་སྒྲིག་དང་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ནས་ཚན་རིག་དང་མཐུན་པའི་ངང་མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་གནད་དོན་ལ་ཁ་གཏད་གཅོག་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩོམ་བཟོ་ལག་བསྟར་དང་ཟུང་འབྲེལ་བྱས་ནས་ཞིབ་འཇུག་དམ་འཛིན་བྱས་ཏེ་འབྲེལ་ཡོད་ཀྱི་སྲིད་ཇུས་དང་གྲོས་འགོ་འདོན་པ་དང་འབྲེལ་བཀོལ་སྤྱོད་རང་བཞིན་ལ་དོ་སྣང་ཆེན་པོ་བྱེད་དགོས་ཞེས་གསུངས་པ་རེད།
         ཚེས་23ཉིན་རྒྱལ་ཡོངས་ཀྱི་རྒན་རྒོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་འཚོགས་པ་རེད། རྒྱལ་དོན་ཨུ་ཡོན་དང་རྒྱལ་ཡོངས་རྒན་རྒོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཡུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཁོངས་ཞུགས་ཚན་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རང་ངོས་ཀྱི་འགན་ནུས་དང་ཟུང་འབྲེལ་བྱས་ནས་གཙོ་གནད་ལས་དོན་ལ་དམ་འཛིན་གྱིས་དུས་ཚོད་རེའུ་མིག་དང་། ལམ་རིས། འགན་འཁྲིའི་བཀའ་བཅས་ཁ་གསལ་ཡོང་བ་བྱེད་དགོས། རང་འགན་རང་འཁུར་དང་མཐུན་སྦྱོར་གཞོགས་འདེགས་ཀྱིས་ལས་དོན་ཞིབ་ཕྲ་དང་ཏན་ཏིག་ངང་བསྒྲུབས་ནས་ལས་དོན་ཁག་སྤུས་ཚད་དང་། གྲངས་ཚད། དུས་བཀག་ལྟར་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། རྒན་རྒོན་མང་ཚོགས་ཚོས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས་རྒན་རྒོན་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་དངོས་ཐོབ་པ་བྱས་ནས་ཁོང་ཚོའི་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་ཏན་ཏིག་ངང་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།