མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཏང་ཡོན་ཡོངས་ཀྱི་ཁྲོད་དུ“ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སློབ་སྦྱོང་དང་གསུང་བཤད་
རབ་དང་རིམ་པ་སློབ་སྦྱོང་བྱས་ནས་ཚད་གཞི་ལོན་པའི་ཏང་ཡོན་ཞིག་བྱེད་དགོས་
པའི”སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི་》པར་འགྲེམས་བྱས།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་01ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་《ཏང་ཡོན་ཡོངས་ཀྱི་ཁྲོད་དུ“ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སློབ་སྦྱོང་དང་གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་བྱས་ནས་ཚད་གཞི་ལོན་པའི་ཏང་ཡོན་ཞིག་བྱེད་དགོས་པའི”སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི་》པར་འགྲེམས་བྱས་པ་དང་སྦྲགས་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱའང་བཏོན་ཡོད་པ་རེད།
         བརྡ་ཐོའི་ནང་བསྟན་དོན། “ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སློབ་སྦྱོང་དང་གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་བྱས་ནས་ཚད་གཞི་ལོན་པའི་ཏང་ཡོན་ཞིག་བྱེད་དགོས་པའི”སློབ་སྦྱོང་སློབ་གསོ་(གཤམ་དུ་བསྡུས་མིང་ལ“སློབ་སྦྱོང་གཉིས་དང་བྱེད་དགོས་པ་གཅིག”གི་སློབ་སྦྱོང་སློབ་གསོ་ཞེས་བརྗོད་རྒྱུ)སྤེལ་རྒྱུ་དེ་ནི་ཏང་ཡོན་ཚང་མར་ཕྱོགས་ཡོངས་ནས་ཏང་ནང་ཁུལ་དུ་སློབ་གསོ་གཏིང་ཟབ་སྤེལ་བའི་ལག་ལེན་གལ་ཆེན་ཞིག་དང་ཏང་ནང་ཁུལ་གྱི་སློབ་གསོ་དེ“འགག་རྩ་ཉུང་ཤས”ནས་རྒྱ་ཆེའི་ཏང་ཡོན་ལ་རྒྱ་སྐྱེད་གཏོང་བའི་བར་དང་གཅིག་སྡུད་རང་བཞིན་གྱི་སློབ་གསོ་ནས་རྒྱུན་གཏན་རང་བཞིན་གྱི་སློབ་གསོའི་བར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ས་ཁུལ་ཁག་དང་སྡེ་ཚན་དང་ཚན་པ་ཁག་གི་ཏང་ཨུད་(ཏང་ཙུའུ)ཀྱིས“སློབ་སྦྱོང་གཉིས་དང་བྱེད་དགོས་པ་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དེ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཕེལ་རྒྱས་དང་རྒྱུན་འཁྱོངས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་ངོས་འཛིན་གང་ལེགས་བྱས་ཏེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་འགན་ཡག་པོ་འཁུར་བ་དང་། དམ་འཛིན་དཔྱིས་ཕྱིན་པ་བྱེད་པ། ཕན་འབྲས་དངོས་ཐོན་པ་བཅས་བྱེད་དགོས། བསམ་བློ་འཛུགས་སྐྱོང་དེ་གནས་བབ་ཨང་དང་པོར་བཞག་ནས་ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་ལ་གུས་བཀུར་དང་ཏང་གི་སྒྲིག་སྲོལ་བརྩི་སྲུང་ཞུ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་དངོས་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་སོགས་ཐད་གནས་པའི་ཏང་ཡོན་དཔུང་ཁག་གི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཏེ་རྒྱ་ཆེའི་ཏང་ཡོན་གྱི་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། ཕུགས་བསམ་དད་སེམས་བརྟན་གཏོང་དང་། ཏང་ལ་བློ་དཀར་སེམས་དཀར་རྒྱུན་འཁྱོངས། སྤྱོད་གཙང་གཞུང་དྲང་འཛུགས་སྐྱོང་། འགན་འཁྲི་འཁུར་ཕོད་པ་དང་ནུས་པ་འདོན་ཕོད་པ་བཅས་བྱས་ནས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
         བརྡ་ཐོའི་ནང་ནན་བཤད་བྱས་དོན། “སློབ་སྦྱོང་གཉིས་དང་བྱེད་དགོས་པ་གཅིག”གི་སློབ་སྦྱོང་སློབ་གསོ་ནི་བྱེད་སྒོ་སྤེལ་ཐེངས་གཅིག་མ་ཡིན་པར་དུས་རྒྱུན་དུ་ནས་སློབ་གསོ་གཏོང་རྒྱུ་འབུར་དུ་ཐོན་པ་བྱས་ཏེ་རིམ་པ་དབྱེ་བ་དང་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་གནད་དོན་ཐག་གཅོད་བྱེད་དགོས། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ལ་བརྟེན་ནས་ཏང་ཀྲི་པུའི་རང་ཉིད་འཐུས་ཚང་དང་རང་ཉིད་མཐོར་གཏོང་གི་རང་འགུལ་རང་བཞིན་འདོན་སྤེལ་གྱིས་ཏང་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དེ་དུས་རྒྱུན་དུ་ནས་དམ་འཛིན་དང་དམ་འཛིན་ནན་པོ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་དང་ཚན་པ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་བྱེད་སྟངས་གཏན་འཁེལ་བྱས་ནས་གཞི་རིམ་ལ་བྱེད་སྒོ་སྤེལ་བའི་གོ་སྐབས་མང་ཙམ་སྤྲོད་དགོས། ཏང་གི་ལྟེ་བའི་ལས་དོན་དང་ཏང་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཕྱོགས་གཉིས་ཀར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐ་དད་འབྲེལ་མེད་དུ་མི་འགྲོ་བ་བྱེད་དགོས། ཏང་གི་རྩ་འཛུགས་མ་ལག་དམ་ཟབ་དང་། ཏང་གི་རྩ་འཛུགས་འཚོ་བ་གཟབ་ནན། ཏང་ཡོན་གྱི་སློབ་གསོ་དོ་དམ་དམ་ནན། ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དམ་གསལ་བཅས་ཡོང་བ་བྱས་ནས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ལས་སྒྲུབ་ལས་གཏོད་དང་གསར་འབྱེད་ཡར་བརྩོན་བྱ་རྒྱུར་སྐུལ་ལྕག་བྱས་ཏེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།
         བརྡ་ཐོའི་ནང་ས་ཁུལ་ཁག་དང་སྡེ་ཚན་དང་ཚན་པ་ཁག་གི་ཏང་ཨུད་(ཏང་ཙུའུ)ལ་ཇུས་གཞིའི་བླང་བྱ་གཞིར་བཟུང་དོན་དངོས་དང་ཟུང་འབྲེལ་གྱིས་ཞིབ་ཕྲའི་ལག་བསྟར་ཇུས་གཞི་འདིང་དགོས། “སློབ་སྦྱོང་གཉིས་དང་བྱེད་དགོས་པ་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།