མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་སྤྱི་ཚོགས་མ་རྩ་དང་སྲིད་གཞུང་མཉམ་ལས་ཁྲིམས་ལྟར་སྐུལ་སྤེལ་གཏོང་
བའི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་01ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ལམ་སྲོལ་གྱི་གསར་གཏོད་གལ་ཆེན་ཞིག་ཡིན་པའི་ངོས་ནས། རང་རྒྱལ་གྱིས་སྤྱི་ཚོགས་མ་རྩ་དང་སྲིད་གཞུང་མཉམ་ལས་(PPP)དེ་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དཔེ་དབྱིབས་ནང་ཞུགས་རྒྱུར་ཁྲིམས་ལྟར་སྐུལ་སྤེལ་བཏང་སྟེ། སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
     ཚེས་28ཉིན་ཀྲུང་གོ་ནོར་སྲིད་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་ལིའུ་ཧྲང་ཞིས“མཉམ་བཅོས་འདུ་ཤེས་ཀྱི་ཐོག་ནས་སྲིད་གཞུང་དང་སྤྱི་ཚོགས་མ་རྩ་མཉམ་ལས་(PPP)ཀྱི་བཅའ་ཁྲིམས་འཛུགས་རྒྱུར་སྐུལ་སྤེལ་གཏོང་བའི”ཆེད་དོན་ཞིབ་བསྡུར་ཚོགས་འདུའི་ཐོག་PPPརྣམ་པས་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དང་། སྤྱི་པའི་ཁེ་ཕན་ཆེ་ཤོས་སུ་འགྲོ་རྒྱུར་སྐུལ་མ་ཐེབས་ངེས་པས། དེ་ནི་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ལམ་སྲོལ་གྱི་གསར་གཏོད་ཆེན་པོ་ཞིག་རེད། 2014ལོ་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འབྲེལ་ཡོད་པུའུ་ཨུད་ཀྱིས་སྲིད་ཇུས་ཡིག་ཆ་མང་པོ་བཏོན་ནས་PPPརྣམ་གྲངས་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་བར་རིམ་ཁག་སྲིད་གཞུང་གིས་དང་ལེན་ཧུར་ཐག་ཞུས་ཡོད། ཡིན་ཡང་PPPརྣམ་པ་དེ་རང་རྒྱལ་དུ་འཚོལ་ཞིབ་དུས་མཚམས་སུ་གནས་ཡོད་པས་གནད་དོན་མི་ཉུང་བ་ཞིག་ཡོད། ཀྲུང་གོ་ནོར་སྲིད་ཚན་རིག་ཞིབ་འཇུག་ཁང་གིས་སྔ་རྗེས་སུ་ཨན་ཧུའེ་དང་། ཀུའེ་ཀྲོའུ། ཀོང་ཤིས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་བསྐྱོད་དེ་བརྟག་ཞིབ་བྱས་པར། ས་གནས་དང་ལྷག་དོན་དུ་དབུས་ནུབ་རྒྱུད་ཀྱི་ས་ཁུལ་དུ་PPPརྣམ་པ་སྐུལ་སྤེལ་གཏོང་རྒྱུར་འཕྲད་པའི་དཀའ་གནད་ཤེས་རྟོགས་བྱུང་བའི་ནང་བཅའ་ཁྲིམས་སྤྱོད་འཚམ་གྱི་གནད་དོན་དང་། སྡེ་ཚན་གྱི་འགན་ནུས་ཁག་བགོས་ཁ་གསལ་མེད་པ་ལས་ས་གནས་སུ་ལག་ལེན་བསྟར་ཐབས་མེད་པ། སྤྱི་ཚོགས་མ་རྩས་སྲིད་གཞུང་དང་སྤྱི་ཚོགས་མ་རྩའི་མཉམ་ལས་རྣམ་གྲངས་ནང་ཞུགས་རྒྱུར་གདེང་ཚོད་མི་འདང་བ། རྣམ་གྲངས་ཁག་གཅིག་གི་ནོར་སྲིད་ཐེག་ནུས་ཀྱི་རིགས་པས་ཁུངས་སྐྱེལ་དང་རིན་ཐང་དངོས་ཀྱི་གདེང་འཇོག་རྣམ་པ་ཙམ་ཡིན་པ། དབུས་ནུབ་རྒྱུད་ཀྱི་དཔལ་འབྱོར་དར་རྒྱས་བྱུང་མེད་པའི་གྲོང་ཁྱེར་དང་རྫོང་དུ་PPPརྣམ་གྲངས་གཞི་ཚུགས་དཀའ་བ་སོགས་ཚུད་ཡོད་ཅེས་བཤད་པ་རེད།
     ནོར་སྲིད་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཀྲའོ་ཚའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ནོར་སྲིད་པུའུ་དང་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་གྱིས་PPPརྣམ་གྲངས་ཀྱི་བཀོལ་སྤྱོད་ཕྱོགས་སྟོན་དང་མཛུབ་ཁྲིད་བསམ་འཆར་བཏོན་པ་དང་མཐོ་རིམ་ཇུས་འགོད་སྒྲོམ་གཞི་གཞི་རྩའི་ཆ་ནས་བཟོས་ཟིན་ཡོད། གོམ་སྟབས་རྗེས་མར་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་རྒྱལ་ནང་གི་ལག་ལེན་ཕྱོགས་སྡོམ་བྱས་ཏེ། སྲིད་གཞུང་དང་སྤྱི་ཚོགས་མ་རྩ་མཉམ་ལས་ཀྱི་བཅའ་ཁྲིམས་འཛུགས་རྒྱུར་སྐུལ་སྤེལ་བཏང་ཐོག་བཅའ་ཁྲིམས་ཧྲིལ་པོའི་དབང་གྲགས་རང་བཞིན་དང་། ཚན་རིག་དང་མཐུན་པའི་རང་བཞིན། མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་འགན་ལེན་གྱིས་སྲིད་གཞུང་དང་སྤྱི་ཚོགས་མ་རྩའི་མཉམ་ལས་བཅའ་ཁྲིམས་གཞི་ཚུགས་ཐུབ་པ་དང་། ལག་ལེན་བསྟར་ཐུབ་པ། ནུས་པ་ཐོན་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།