མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་དུ་སྣུར་སྲིང་བྱེད་པའི་བྱེད་ཐབས་
གལ་ཆེན་ལ་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་01ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         —“སློབ་སྦྱོང་གཉིས་དང་བྱེད་དགོས་པ་གཅིག”གི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་རྒྱུའི་སྐོར་གླེང་བ། འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
         ཉེ་ཆར་ཀྲུང་དབྱང་གཞུང་དོན་ཐིང་གིས་《ཏང་ཡོན་ཡོངས་ཀྱི་ཁྲོད་དུ“ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སློབ་སྦྱོང་དང་གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་བྱས་ཏེ་ཚད་གཞི་ལོན་པའི་ཏང་ཡོན་ཞིག་བྱེད་དགོས་པའི”སློབ་སྦྱོང་སློབ་གསོའི་ཇུས་གཞི་》པར་འགྲེམས་བྱས་པ་དང་འབྲེལ“སློབ་སྦྱོང་གཉིས་དང་བྱེད་དགོས་པ་གཅིག”གི་སློབ་སྦྱོང་སློབ་གསོ་བཀོད་སྒྲིག་བྱེད་དགོས་པའི་བརྡ་ཐོ་བཏང་ཞིང་། འདི་ནི་དུས་བབ་གསར་པའི་འོག་ཏང་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན།
         སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད། ཏང་ཡོན་ནི་ཏང་གི་ཕྲ་ཕུང་ལྟ་བུ་ཡིན་ལ་ཚད་གཞི་ལོན་པའི་ཏང་ཡོན་ཡོད་ཚེ། ཏང་རྩ་འཛུགས་གཞི་ནས་སྟོབས་དང་ལྡན་པ་ཞིག་ཡོང་ཐུབ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པའི་རྨང་གཞིའི་ཐོག འདི་ལོ་ཏང་ཡོན་ཡོངས་ཀྱི་ཁྲོད་དུ“སློབ་སྦྱོང་གཉིས་དང་བྱེད་དགོས་པ་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ནི་ཏང་ནང་གི་སློབ་གསོ་དེ“འགག་རྩ་ཉུང་ཤས”ནས་རྒྱ་ཆེའི་ཏང་ཡོན་ཁྲོད་ཁྱབ་གདལ་གཏོང་བ་དང་། གཅིག་སྡུད་སློབ་གསོ་ནས་རྒྱུན་གཏན་སློབ་གསོའི་བར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་བླང་བྱ་ཀྲི་པུའུ་དང་ཏང་ཡོན་ཚང་མའི་ཐོག་དོན་འཁྱོལ་ཐུབ་པ་བྱ་རྒྱུ་དེ་ཡིན།
         “སློབ་སྦྱོང་གཉིས་དང་བྱེད་དགོས་པ་གཅིག”གི་རྨང་གཞི་དེ་སློབ་སྦྱོང་ལ་ཐུག་ཡོད། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སློབ་སྦྱོང་བྱ་རྒྱུའི་གཙོ་གནད་དེ་རྩ་བའི་ཚད་གཞི་ཁ་གསལ་དང་བྱ་སྤྱོད་ཚད་གཞི་འཛུགས་རྒྱུར་ཐུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་བྱ་རྒྱུའི་གཙོ་གནད་དེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོད་རྒྱུ་དང་བསམ་བློ་གཅིག་གྱུར་གྱི་བྱ་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུར་ཐུག་ཡོད། གུང་ཁྲན་ཏང་ཡོན་ཞིག་གི་ངོས་ནས་བརྗོད་ན། རང་རྟོགས་ངང་ཏང་གི་སྒྲིག་ཡིག་ལ་བརྩི་འཇོག་དང་ཏང་གི་སྒྲིག་སྲོལ་ལ་བརྩི་བཀུར་ཞུ་བ་དེ་བཞིན་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་སློབ་སྦྱོང་དང་དེར་གོ་བ་ལེན་རྒྱུ་དེ་ནི་ཆེས་རྩ་བའི་བླང་བྱ་ཡིན། སློབ་སྦྱོང་སློབ་གསོ་སྤེལ་དགོས་ན། ངེས་པར་དུ་དྲང་ཕྱོགས་སློབ་གསོ་མཐའ་འཁྱོངས་བྱ་རྒྱུ་གཙོ་བོར་བཟུང་བ་དང་། ཏང་ཡོན་ཚོས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་ལྟ་ཀློག་དཔྱིས་ཕྱིན་པ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་གང་ཞིག་བྱེད་དགོས་མིན་དང་། གང་བྱེད་དགོས་པ། གང་སྒྲུབ་དགོས་པ། གང་སྒྲུབ་མི་འོས་པ་བཅས་གསལ་པོ་ཤེས་ཐུབ་པ་བྱེད་དགོས་པ་མ་ཟད། གུང་ཁྲན་ཏང་ཡོན་ཞིག་གི་བྱ་བ་སྒྲུབ་པའི་ཚད་གཞི་དང་མཐའ་ཚད་སྟངས་འཛིན་ཐུབ་པ་བྱེད་དགོས་པ་དང་། ཏང་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་སྲོག་ཤིང་གི་དོན་སྙིང་ལ་གོ་བ་ལེན་པ་དང་ཁོང་དུ་ཆུད་པ་བྱས་ཏེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་ཀྱི་ཏང་གི་མཐུན་སྒྲིལ་གཅིག་གྱུར་གྱི་རྨང་གཞི་བརྟན་དུ་གཏོང་དགོས།
         “སློབ་སྦྱོང་གཉིས་དང་བྱེད་དགོས་པ་གཅིག”གི་འགག་རྩ་དེ་བསྒྲུབ་རྒྱུར་རག་ལུས་ཡོད། སློབ་སྦྱོང་སློབ་གསོའི་དམིགས་ས་དང་དོན་ལ་བབས་ས་དེ་ནི་རྒྱ་ཆེའི་ཏང་ཡོན་ཚད་གཞི་ལོན་པའི་གུང་ཁྲན་ཏང་ཡོན་དུ་འགྱུར་རྒྱུར་ཁྲིད་སྟོན་བྱ་རྒྱུ་དེ་ཡིན། སློབ་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་པ་བྱས་ཚེ། གཞི་ནས་ཏང་ཡོན་དཔུང་ཁག་ཁྲོད་ཀྱི་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་སོགས་ཐད་ལྷག་པའི་གནད་དོན་དང་ལྷག་པར་དུ་ཕུགས་བསམ་དད་སེམས་ལ་གཡོ་འགུལ་ཐེབས་པ་དང་། ཏང་གི་འདུ་ཤེས་ཞན་དུ་ཕྱིན་པ། དམིགས་ཡུལ་གྱི་འདུ་ཤེས་ཞན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ཟབ་ཟོབ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ། ཏང་ཡོན་ཚད་མཐུན་གྱི་ཚད་གཞི་ནི་ཞིབ་ཕྲ་དང་ཁ་གསལ་ཞིག་ཡིན། སློབ་སྦྱོང་སློབ་གསོ་བརྒྱུད་དེ་རྒྱ་ཆེའི་ཏང་ཡོན་གྱི་ཆབ་སྲིད་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་སྔར་བས་བརྟན་དུ་བཏང་སྟེ་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་། ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་རྒྱུན་འཁྱོངས། སྤྱོད་ཚུལ་བཟང་པོ་འཛུགས་པ། འགན་ཁུར་ཕོད་པ་དང་ལས་དོན་སྒྲུབ་ཕོད་པ་བཅས་བྱས་ཏེ་ལས་གནས་གང་ཞིག་དང་། ས་གནས་གང་ཞིག དུས་གང་ཞིག གནས་ཚུལ་གང་ཞིག་བཅས་ཀྱི་འོག་ཏང་ཡོན་གྱི་ཐོབ་ཐང་བློ་ལ་བརྟན་པོར་བཅངས་ཏེ་སྔོན་ཐོན་དཔེ་བཟང་གི་ནུས། འདོན་སྤེལ་བྱས་ནས་ཆབ་སྲིད་ལ་སྣང་ཆེན་དང་། དད་སེམས་ལྡན་པ། སྒྲིག་ལམ་སྲུང་བ། སྒྲིག་ཁྲིམས་ལྡན་པ། ཀུན་སྤྱོད་ལ་སྣང་ཆེན། སྤྱོད་པ་བཟང་བ། ལེགས་སྐྱེས་ལ་སྣང་ཆེན། རང་ནུས་འདོན་པ་བཅས་ཀྱི་ཚད་གཞི་ལོན་པའི་ཏང་ཡོན་ཞིག་བྱེད་དགོས་པ་མ་ཟད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཆར་འགོད་འགོ་ཡག་པོ་འཛུགས་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུའི་ལས་དོན་བསྒྲུབ་རྒྱུ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་བཅས་ཀྱི་ཆེད་འབད་འབུངས་ཡར་བརྩོན་དང་བྱས་རྗེས་འཇོག་དགོས།
         “སློབ་སྦྱོང་གཉིས་དང་བྱེད་དགོས་པ་གཅིག”ནི་བྱེད་སྒོ་སྤེལ་ཐེངས་གཅིག་མིན། དེས་ན་རྒྱུན་གཏན་སློབ་གསོ་མངོན་པ་དང་རིམ་པ་ཕྱེ་ནས་དམིགས་ས་ཡོད་པའི་སྒོ་ནས་གནད་དོན་ཐག་གཅོད་བྱས་ཏེ་ཏང་ཀྲི་པུས་རྩ་བའི་རྨང་གཞིར་བྱེད་པ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཏང་གི་རྩ་འཛུགས་འཚོ་བ་རྩ་བའི་བྱེད་ཐབས་སུ་བཟུང་བ། ཏང་ཡོན་གྱི་སློབ་གསོ་དོ་དམ་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་དེ་རྩ་བའི་གཞི་རྟེན་དུ་བྱེད་པ་བཅས་བྱས་ནས། ཏང་ཡོན་དཀྱུས་མ་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་བླང་བྱ་བཏོན་ཏེ་ཏང་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དེ་རྒྱུན་དུ་དམ་འཛིན་དང་དམ་འཛིན་ནན་པོ་བྱེད་དགོས། ཁྱབ་ཁོངས་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱི་གནས་ཚུལ་ཧེ་བག་ཆེན་པོ་ཡོད་པས། སློབ་སྦྱོང་སློབ་གསོའི་ནང་དོན་བཀོད་སྒྲིག་དང་བྱ་ཐབས་སོགས་ཐད་དོན་དངོས་དང་མཐུན་དགོས་པ་དང་། རིགས་དབྱེ་མཛུབ་ཁྲིད་ལ་སྣང་ཆེན་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ནས། ཏང་ཀྲི་པུའི་རང་ངོས་གཙང་སེལ་དང་རང་ངོས་གོང་མཐོར་གཏོང་བའི་རང་འགུལ་རང་བཞིན་འདོན་སྤེལ་བྱེད་དགོས།
         ཏང་གི་སྒྲིག་ཡིག་ནང་གི་གཏན་འབེབས་གཞིར་བཟུང་། ཏང་ཡོན་གྱི་གོ་གནས་མཐོ་དམན་ལ་མི་བལྟོས་པར་ཏང་གི་ཀྲི་པུའུ་གཅིག་ནས་འཇུག་དགོས་པ་དང་འབྲེལ་ཏང་གི་རྩ་འཛུགས་འཚོ་བའི་ནང་ཞུགས་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རྩ་འཛུགས་འཚོ་བའི་ལམ་ལུགས་ཉིས་བརྩེགས་ལག་བསྟར་ནན་པོ་བྱས་ཏེ་སློབ་སྦྱོང་སློབ་གསོའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས། ཏང་ཨུད་(ཏང་ཙུའུ)ཀྱི་ལག་གཉིས་ཀྱིས་དམ་འཛིན་བྱ་རྒྱུར་མཐའ་འཁྱོངས་བྱས་ནས་ཐ་དད་འབྲེལ་མེད་དུ་མི་འགྲོ་བ་བྱས་ཏེ། ཏང་གི་ལྟེ་བའི་ལས་དོན་དང་ཏང་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་ཀྱིས་སྤེལ་ནས། རྒྱ་ཆེའི་ཏང་ཡོན་གྱི་འབད་འབུངས་ཡར་བརྩོན་དང་བྱ་གཞག་གསར་གཏོད་ཀྱི་སྙིང་སྟོབས་འཕེལ་བ་བྱས་ཐོག “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས།