མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་གི་རེས་སྐོར་དགུ་པའི་ཆེད་དོན་སྐོར་གཟིགས་ཚོགས་ཆུང་ས་གནས་དང་
ཚན་པ་12སུ་བཅའ་སྡོད་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་01ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས28ཉིན་ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའུ་ཡི་དྲ་ཚིགས་ཐོག་ཀྲུང་དབྱང་གི་རེས་སྐོར་དགུ་པའི་ཆེད་དོན་སྐོར་གཟིགས་ཚོགས་པ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ཧུའུ་ནན་ཞིང་ཆེན། ལེའོ་ཉིང་ཞིང་ཆེན། ཧྲན་ཏུང་ཞིང་ཆེན། ཨན་ཧུའེ་ཞིང་ཆེན། རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཕྱི་རྒྱལ་རིགས་གཅིག་མཁས་ཅན་ཅུས། རྒྱལ་ཁབ་གཞུང་ལས་པ་ཅུས་སོགས་ས་གནས་དང་ཚན་པ་12ཀྱི་ཏང་རྩ་འཛུགས་ལ་བཅའ་སྡོད་བྱས་ནས་ཆེད་དོན་སྐོར་གཟིགས་ལས་དོན་སྤེལ་ཚུལ་ཡོངས་བསྒྲགས་བྱས་པ་རེད།
         ཀྲུང་དབྱང་ནས་ཆོག་མཆན་སྤྲད་པ་བརྒྱུད། ཀྲུང་དབྱང་གི་རེས་སྐོར་དགུ་པའི་སྐོར་གཟིགས་ཚོགས་པས་ཚན་པ་32ཀྱི་ཏང་རྩ་འཛུགས་སུ་ཆེད་དོན་སྐོར་གཟིགས་བྱས་པ་དང་ཆབས་ཅིག་ལེའོ་ཉིང་དང་། ཨན་ཧུའེ། ཧྲན་ཏུང་། ཧུའུ་ནན་སོགས་ཞིང་ཆེན་4ལ“ཕྱིར་མིག་བལྟས་པ”རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་སྐོར་གཟིགས་བྱ་ཡུལ་གྱི་ཚན་པར་ཟླ་གཉིས་རིང་ལས་ཀ་བྱེད་པ་དང་། དེའི་རིང་ཆེད་མངགས་ཀྱི་སྡོད་བྱའི་ཁ་པར་དང་ཆེད་མངགས་སྦྲག་སྲིད་ཡིག་སྒམ་འཛུགས་རྒྱུ་རེད། སྐོར་གཟིགས་ལས་དོན་གྱི་སྲོལ་ཡིག་གཏན་འབེབས་ལྟར་ན། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་གཙོ་བོ་ཀྲུང་དབྱང་དྲིལ་བསྒྲགས་པུའི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། རིམ་པ་འོག་མའི་ཏང་རྩ་འཛུགས་འགོ་ཁྲིད་ཚན་ཁག་གི་འགན་ཁུར་བ་གཙོ་བོ་དང་། གལ་ཆེའི་ལས་གནས་ཀྱི་འགོ་ཁྲིད་ལས་བྱེད་པའི་གནད་དོན་མཚོན་པའི་འཕྲིན་ཡིག་དང་ཁ་པར། ངོ་བཅར་བཅས་བདག་སྤྲོད་བྱ་རྒྱུ་ཡིན་ཞིང་། གཙོ་ཆེ་ཤོས་ནི་ཆབ་སྲིད་སྒྲིག་ཁྲིམས་དང་། རྩ་འཛུགས་སྒྲིག་ཁྲིམས། སྤྱོད་གཙང་སྒྲིག་ཁྲིམས། མང་ཚོགས་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ཐད་ཀྱི་ཐེར་འདོན་གོང་ཞུ་དང་ཚུར་སྣང་ལན་ཆ་དང་འབྲེལ་བ་ཡོད་པ་རེད། དེ་མིན་སྐོར་གཟིགས་བདག་སྤྲོད་ཁྱབ་ཁོངས་སུ་མི་གཏོགས་པའི་ཡིག་བསྐུར་ངོ་བཅར་གནད་དོན་དེ་དག་གཏན་འབེབས་ལྟར་སྐོར་གཟིགས་བྱ་ཡུལ་གྱི་ཚན་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཐག་གཅོད་ནན་ཏན་བྱ་རྒྱུ་ཡིན་པ་རེད།