མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ལོའར་·ཁ་སི་ཐེ་ལུའོ་སླར་ཡང་ཁུ་པ་གུང་ཁྲན་ཏང་གི་ཧྲུའུ་ཅི་ཨང་
དང་པོར་བདམས་པར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་22ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལོའར་·ཁ་སི་ཐེ་ལུའོ་ལ་གློག་འཕྲིན་བཏང་ནས་ཁོང་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཨང་དང་པོར་སླར་ཡང་བདམས་པར་རྟེན་འབྲེལ་ཞུས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་པ་མ་ཟད་ཁོང་མི་སྒེར་གྱི་མཚན་ཐོག་ནས་ལོའར་·ཁ་སི་ཐེ་ལུའོ་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཞིས་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ་འཚོགས་པ་ནས་བཟུང་ཁུ་པས་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལམ་བུ་མཐའ་འཁྱོངས་བྱས་ནས་དཀའ་གནད་མཐའ་དག་ལས་རྣམ་པར་རྒྱལ་ཏེ་གསར་བརྗེ་དང་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་དགའ་སྤྲོ་སྐྱེ་འོས་པའི་གྲུབ་འབྲས་ཐོབ་ཡོད། དེང་སྐབས་ཁུ་པ་གུང་ཁྲན་ཏང་གིས་དུས་གནས་རྟོགས་དཔྱོད་དང་བརྟན་ལ་འཕྲལ་ཐག་ཆོད་པའི་ངང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དཔེ་དབྱིབས་གསར་བརྗེས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་འགྲོ་ལམ་འཚོལ་ཞིབ་ཐད་གོམ་པ་བརྟན་པོ་སྤོས་ཡོད།  
         བློ་མཐུན་ལོའར་·ཁ་སི་ཐེ་ལུའོ་ཡིས་འགོ་ཁྲིད་གནང་བའི་འོག་ཁུ་པའི་ཏང་དང་སྲིད་གཞུང་གིས་ཁུ་པའི་མི་དམངས་སྣེ་ཁྲིད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་འབད་འཐབ་བྱས་ནས་འགོ་འཛུགས་ས་གསར་པའི་ཐོག་ཁུ་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་འོད་སྟོང་འཕྲོ་བའི་མ་འོངས་ཕྱོགས་སུ་བསྐྱོད་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
          ཞིས་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་སྲིད་གཞུང་གིས་ཁུ་པའི་ཏང་དང་སྲིད་གཞུང་གི་བློ་མཐུན་དང་གྲོགས་པོའི་མཛའ་གཅུགས་ལ་གཅེས་སྤྲས་བྱེད་ཀྱི་ཡོད་ལ་བློ་བརྟན་འགྱུར་མེད་ཀྱིས་ཁུ་པའི་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་བཏང་སྟེ་ཁུ་པའི་བློ་མཐུན་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།