མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་བཅུ་དགུ་པ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་11ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན་ཀྲུང་གོའི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་བཅུ་དགུ་པ་ཕུའུ་ཅན་ཞ་མོན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་པ་དང་། ཚོང་དོན་པུའུ་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་འཐུས་མི་པུའུ་ཀྲང་གཞོན་པ་ཀྲུང་ཧྲན་གྱིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་ཤིང་། ཁོང་གིས་ཤིས་ཚིག་ནང་མཛེས་སྡུག་ལྡན་པའི་ཞ་མོན་དུ་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་གྱི་སྐུ་མགྲོན་ཁྲི་ཁ་ཤས་ལྷན་དུ་འཛོམས་ཡོད་པས་ཚང་མས་ལས་སྟེགས་དེ་གང་ལེགས་སྤྱད་དེ་སྤེལ་རེས་མཉམ་ལས་གཏིང་ཟབ་དང་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་སྙིང་དབུས་ནས་བཅངས་ཡོད་ཅེས་གསུངས་པ་རེད།
      ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་འགྲེམས་སྟོན་གཞི་ཁྱོན་སྨི་ངོས་གྲུ་ཁྲི་13.8ཟིན་པ་དང་ཁྱོན་འགྲེམས་གནས་6000ཡོད་པ་དེ་ན་ནིང་ལས་འགྲེམས་ཁྱོན་45%ཆེ་རུ་ཕྱིན་པ་དེའི་གཞི་ཁྱོན་ལོ་རྒྱུས་ཐོག་གི་ཨང་དང་པོ་ཡིན་པ་རེད། ད་ཐེངས་ཀྱི་འགྲེམས་ཚོགས་ནང་མ་འཇོག་གི་བརྗོད་བྱ་གཙོ་བོའི་ཁང་དང་། ཐོན་ལས་ཚོང་འགུག་ཁང་། ཚོང་ཟོག་ཚོང་དོན་ཁང་བཅས་བཙུགས་པ་དང་དུས་མཚུངས་ཚོང་དོན་ནུས་པ་ཁ་སྣོན་བྱས་ཡོད། ད་ཐེངས་བཙུགས་པའི་ཚོང་ཟོག་ཚོང་དོན་ཁང་ནང་ས་མཚམས་ལས་བརྒལ་བའི་དྲ་ཐོག་ཚོང་དོན་གྱི་སྤུས་རྟགས་འགྲེམས་ཁུལ་དང་། ཨའོ་མོན་གྱི་ཁྱད་ལྡན་ཚོང་ཟོག་འགྲེམས་ཁུལ། ཐའེ་དབན་དང་ཤང་ཀང་དང་དེ་བཞིན་ས་ཁུལ་དང་རྒྱལ་ཁབ་གཞན་དག་གི་སྤུས་རྟགས་འགྲེམས་ཁུལ་བཅས་ཐོག་མར་བཙུགས་པ་རེད།
      ཚོགས་འདུའི་ཐོག“དར་གོས་ལམ་བུ་གསར་པའི་འཕེལ་རྒྱས་སྤེལ་རེས་ཚོགས་འདུ”དང་། “རྒྱུད་གཅིག་ལམ་གཅིག”གི་སྤེལ་རེས་འབྲེལ་མཐུད་ཚོགས་འདུ། “རྒྱུད་གཅིག་ལམ་གཅིག”གི་སྣོད་བཅུད་ཞིང་ལས་དང་ཟས་རིགས་བདེ་འཇགས་གླེང་སྟེགས། “རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་འཕེལ་རྒྱས་གོ་སྐབས་མ་འཇོག་གསལ་བཤད་ཚོགས་འདུ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།