མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གྱིས་ཀྲུང་གོའི་གནམ་བདག་ཆོས་ལུགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་
འཐུས་མི་ཚོར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་30ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲང་ཧྲེན་གྱིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་གནམ་བདག་ཆོས་ལུགས་རྒྱལ་གཅེས་ཚོགས་པ་དང་ཀྲུང་གོའི་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་གཙོ་བོ་ཚོགས་པའི་འགོ་ཁྲིད་ཚན་པ་སྐབས་གསར་པའི་ཁོངས་མི་ཚོར་མཇལ་འཕྲད་གནང་བ་མ་ཟད། ཀྲུང་གོའི་གནམ་བདག་ཆོས་ལུགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི་ཚོ་དང་དྲན་རྟེན་མཉམ་པར་ཡང་བླངས་པ་རེད།
      ཡུས་ཀྲང་ཧྲེང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་གནང་ནས་ཀྲུང་གོའི་གནམ་བདག་ཆོས་ལུགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་། ཚོགས་འདུར་ཞུགས་པའི་འཐུས་མི་ཡོངས་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་རེད།
     ཡུས་ཀྲང་ཧྲེང་གིས་འགོ་ཁྲིད་ཚན་པ་སྐབས་གསར་པས་གནམ་བདག་ཆོས་ལུགས་ཀྱི་རྒྱལ་གཅེས་མི་དྲག་རྒན་རབས་ཀྱི་བླ་ན་མེད་པའི་སྤྱོད་བཟང་སློབ་སྦྱོང་དང་རྒྱུན་འཛིན་བྱས་ཏེ་ཀྲུང་གོའི་གནམ་བདག་ཆོས་ལུགས་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།