མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཙུང་ལི་ལི་ཁེ་ཆང་གི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གནད་བསྡུས། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་07ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         བརྒྱད། གཙོ་གནད་སློབ་གྲྭས་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཏུ་ཕྱོགས་ནས་སློབ་མ་བསྡུ་ཁྱོན་མུ་མཐུད་ཆེ་རུ་གཏོང་རྒྱུ།
         གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མར“རྩ་ཆག་གཉིས་དང་ཁ་གསབ་གཅིག”གི་སྲིད་ཇུས་གཅིག་གྱུར་ངང་ལག་བསྟར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འོས་འགན་སློབ་གསོའི་སྤྱི་པའི་ཞབས་ཞུ་རྒྱུན་སྡོད་མི་གྲངས་ཡོངས་ལ་ཁེབས་པར་བྱེད་ཚད་མགྱོགས་སུ་གཏོང་རྒྱུ། སློབ་གྲྭ་ཞན་རིགས་ཀྱི་སློབ་གཉེར་ཆ་རྐྱེན་མུ་མཐུད་ལེགས་སུ་གཏོང་བ་དང་། སྤུས་དག་སློབ་གསོའི་ཐོན་ཁུངས་ཁེབས་ཁྱོན་ཆེ་རུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། སློབ་རིམ་བཅས་ཀྱི་སློབ་གཉེར་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་གཏོང་རྒྱུ། གཙོ་གནད་སློབ་གྲྭས་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཏུ་ཕྱོགས་ནས་སློབ་མ་བསྡུ་ཁྱོན་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་། འབུམ་རམས་པ་དང་། ཞིབ་འཇུག་སློབ་མའི་སློབ་སྐྱོར་རོགས་དངུལ་ཁ་གསབ་མཐོ་རུ་གཏོང་རྒྱུ།
         དགུ ལས་ཀར་ཞུགས་མཁན་མེད་པའི་ཁྱིམ་ཚང་དུ་ཉུང་མཐར་ཡང་ལས་ཞུགས་པ་གཅིག་བརྟན་པོ་ཡོང་བའི་འགན་ལེན་བྱེད་རྒྱུ་ཡིན།
         ད་ལོ་སློབ་ཆེན་སློབ་མ་ཁྲི་795ཐོན་ཏེ་ལོ་རྒྱུས་ཐོག་མང་ཤོས་ཟིན་གྱི་ཡོད་པས། ལས་ཞུགས་ལ་སྐུལ་འདེད་དང་། ལས་སྐྲུན་སྣེ་ཁྲིད། གཞི་རིམ་དུ་འཚར་ལོངས་སོགས་པའི་འཆར་གཞི་དོན་འཁྱོལ་ཡག་པོར་བྱས་ཏེ། ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་མང་པོ་ཡོང་བར་བྱེད་རྒྱུ་ཡིན། དམག་ལོག་དམག་མི་བཀོད་སྒྲིག་གི་ལས་ཀ་ཡག་པོ་བསྒྲུབ་རྒྱུ། ལས་ཞུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཅན་དང་དབང་པོ་སྐྱོན་ཅན་ལས་ཀར་ཞུགས་པར་རོགས་སྐྱོར་བྱས་ཏེ། ལས་ཀར་ཞུགས་མཁན་མེད་པའི་ཁྱིམ་ཚང་དུ་ཉུང་མཐར་ཡང་ལས་ཞུགས་པ་གཅིག་བརྟན་པོ་ཡོང་བའི་འགན་ལེན་བྱེད་རྒྱུ་ཡིན།
         བཅུ། ཁང་གོང་འཕར་བའི་གནོན་ཤུགས་ཆེ་བའི་གྲོང་ཁྱེར་གྱིས་སྡོད་ཁང་ལ་མཁོ་བའི་ས་ཆ་ཚུལ་མཐུན་ངང་མང་དུ་གཏོང་རྒྱུ།
         ས་ཁང་བདག་ཁོངས་ཀྱི་ཚོང་ར་རིགས་དབྱེའི་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁང་གོང་འཕར་བའི་གནོན་ཤུགས་ཆེ་བའི་གྲོང་ཁྱེར་གྱིས་སྡོད་ཁང་ལ་མཁོ་བའི་ས་ཆ་ཚུལ་མཐུན་ངང་མང་དུ་གཏོང་བ་དང་། གསར་སྤེལ་དང་། བྲིན་འཚོང་། མཚམས་སྦྱོར་བཅས་ཀྱི་བྱ་སྤྱོད་ཚད་ལྡན་བཟོ་རྒྱུ། དེང་སྐབས་གྲོང་ཁྱེར་དང་གྲོང་རྡལ་དུ་ད་དུང་མི་ཁྲི་སྟོང་ཕྲག་འགའ་ཤས་ཆ་རྐྱེན་ཞན་པའི་སྡོད་ཁང་ཐབས་ཆག་ཁུལ་དུ་བསྡད་ཡོད་པས། སྒྱུར་བཀོད་རྒྱུན་མཐུད་བྱེད་རྒྱུ་ཡིན། ད་ལོར་ཡང་བསྐྱར་སྡོད་ཁང་ཐབས་ཆག་ཁུལ་ཁྲི་600སྒྱུར་བཀོད་ལེགས་གྲུབ་ཐུབ་པ་བྱེད་རྒྱུ་དང་། གཞུང་གི་བོགས་གཏོང་ཁང་པ་མུ་མཐུད་མང་དུ་གཏོང་རྒྱུ་ཡིན། ཡུལ་བབ་དང་བསྟུན་ནས་དངུལ་ལོར་ཅན་དུ་འགྱུར་བའི་བཀོད་སྒྲིག་བྱེད་པའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ་དང་སྒྲིག་ཆས་ཆ་འགྲིག་འཛུགས་སྐྲུན་དང་སྤྱི་པའི་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་ནས། སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་སྔར་ལས་མང་པོ་སྡོད་ཁང་ཐབས་ཆག་ཁུལ་ལས་བྲལ་ཏུ་འཇུག་རྒྱུ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་སྡོད་སའི་ཁང་པ་ཡོད་པའི་ཆ་རྐྱེན་འོག་ཏུ་འཚོ་བ་གསར་པ་སྐྱེལ་དུ་འཇུག་རྒྱུ།
         བཅུ་གཅིག ལས་ཀར་ཞུགས་མཁན་མེད་པའི་ཁྱིམ་ཚང་དུ་ཉུང་མཐར་ཡང་ལས་ཞུགས་པ་གཅིག་བརྟན་པོ་ཡོང་བའི་འགན་ལེན་བྱེད་རྒྱུ་ཡིན།
        ད་ལོ་སློབ་ཆེན་སློབ་མ་ཁྲི་795ཐོན་ཏེ་ལོ་རྒྱུས་ཐོག་མང་ཤོས་ཟིན་གྱི་ཡོད་པས། ལས་ཞུགས་ལ་སྐུལ་འདེད་དང་། ལས་སྐྲུན་སྣེ་ཁྲིད། གཞི་རིམ་དུ་འཚར་ལོངས་སོགས་པའི་འཆར་གཞི་དོན་འཁྱོལ་ཡག་པོར་བྱས་ཏེ། ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་མང་པོ་ཡོང་བར་བྱེད་རྒྱུ་ཡིན། དམག་ལོག་དམག་མི་བཀོད་སྒྲིག་གི་ལས་ཀ་ཡག་པོ་བསྒྲུབ་རྒྱུ། ལས་ཞུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཅན་དང་དབང་པོ་སྐྱོན་ཅན་ལས་ཀར་ཞུགས་པར་རོགས་སྐྱོར་བྱས་ཏེ། ལས་ཀར་ཞུགས་མཁན་མེད་པའི་ཁྱིམ་ཚང་དུ་ཉུང་མཐར་ཡང་ལས་ཞུགས་པ་གཅིག་བརྟན་པོ་ཡོང་བའི་འགན་ལེན་བྱེད་རྒྱུ་ཡིན།
         བཅུ་གཉིས། ལྕགས་ལམ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་8000དང་། གཞུང་ལམ་དང་ཆུ་ལམ་སྐྱེལ་འདྲེན་ལ་མ་དངུལ་སྒོར་དུང་ཕྱུར་1.8འཇོག་རྒྱུ།
        ད་ལོར་ལྕགས་ལམ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་8000དང་། གཞུང་ལམ་དང་ཆུ་ལམ་སྐྱེལ་འདྲེན་ལ་མ་དངུལ་སྒོར་དུང་ཕྱུར་1.8འཇོག་རྒྱུ་ལེགས་འགྲུབ་བྱེད་རྒྱུ་མ་ཟད། ཆུ་བེད་ལས་གྲྭ་འགངས་ཆེན་15ཡང་འཛུགས་སྐྲུན་བྱེད་འགོ་བརྩམ་རྒྱུ་དང་། འཁོར་ལམ་འགྲིམ་འགྲུལ་དང་། དམངས་སྤྱོད་མཁའ་འགྲུལ་དང་། གློག་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སོགས་པའི་ལས་གཞི་འགངས་ཆེན་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ། ཀྲུང་དབྱང་གི་སྔོན་རྩིས་ནས་མ་དངུལ་སྒོར་དུང་ཕྱུར་5076བཀོད་སྒྲིག་བྱེད་རྒྱུ།
        བཅུ་གསུམ། གྲོང་ཁྱེར་དུ་གཞིས་ཆགས་ཐུབ་པའི་མི་ཁྲི་1300ཡན་ཟིན་པར་བྱེད་རྒྱུ།
         ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་གཏིང་སྤེལ་ཏེ། ད་ལོར་གྲོང་ཁྱེར་དུ་གཞིས་ཆགས་ཐུབ་པའི་མི་ཁྲི་1300ཡན་ཟིན་པ་བྱ་རྒྱུ་ཡིན་ཞིང་། གཞིས་ཆགས་ལག་ཁྱེར་ལམ་ལུགས་ཡོངས་སུ་ཁྱབ་ཚད་མགྱོགས་སུ་གཏོང་རྒྱུ། གྲོང་ཁྱེར་འབྲིང་ཆུང་དང་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཆ་རྐྱེན་འཛོམས་པའི་རྫོང་དང་གྲོང་རྡལ་དམིགས་བསལ་ཅན་ཁག་གཅིག་རིམ་པ་ལྡན་པའི་སྒོ་ནས་གྲོང་ཁྱེར་དུ་སྒྱུར་བར་སྐུལ་འདེད་བཏང་ནས། གྲོང་ཁྱེར་ཁྱུ་ཚོགས་ཀྱི་ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུ། ཨར་ལས་ལས་རིཌ་སྒྱུར་བཅོས་དང་འཕེལ་རྒྱས་འགྲོ་ཐུབ་པ་བྱ་རྒྱུ་དང་། ཇུས་འགོད་ཀྱི་ཆུ་ཚད་དང་ལས་གྲྭའི་སྤུས་ཚད་མཐོ་རུ་གཏོང་རྒྱུ།
ལས་སྣོན་གྱི་ཉོ་ཚོང་ཐོན་ལས་དབུས་ནུབ་ས་ཁུལ་དུ་སྐས་ རིམ་བཞིན་སྤོ་སྒྱུར་ཐུབ་པར་བྱེད་རྒྱུ།
         བཅུ་བཞི། ལས་སྣོན་གྱི་ཉོ་ཚོང་ཐོན་ལས་དབུས་ནུབ་ས་ཁུལ་དུ་སྐས་རིམ་བཞིན་སྤོ་སྒྱུར་ཐུབ་པར་བྱེད་རྒྱུ།
         ཕྱིར་གཏོང་ནང་འདྲེན་གྱི་སྲིད་ཇུས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་བཏང་ནས། བཟང་འདྲེན་བཟང་གཏོང་ཡོང་བར་བྱེད་རྒྱུ། ལས་སྣོན་གྱི་ཉོ་ཚོང་ཐོན་ལས་ཕྲེང་བ་རིམ་པ་མཐོ་འབྲིང་དུ་མཆེད་པ་དང་། དབུས་ནུབ་ས་ཁུལ་དུ་སྐས་རིམ་བཞིན་སྤོ་སྒྱུར་ཐུབ་པར་བྱེད་རྒྱུ། རྒྱལ་སྤྱིའི་ཉོ་ཚོང་གི“སྐར་ཁུང་རྐྱང་པ་”རུ་ཁྱབ་སྤེལ་བྱས་ནས། རྒྱལ་ཡོངས་འགག་སྒོ་ལས་བརྒྱུད་ཚུལ་གཞི་གཅིག་ཏུ་འགྱུར་བར་བྱེད་རྒྱུ། སྔོན་ཐོན་ལག་རྩལ་དང་། སྒྲིག་ཆས། འགག་རྩའི་ལྷུ་ལག་ཆེ་ཆུང་བཅས་ནང་འདྲེན་བྱེད་ཚད་ཆེ་རུ་གཏོང་རྒྱུ་དང་། ཉོ་ཚོང་དོ་མཉམ་ངང་འཕེལ་རྒྱས་དང་རྒྱལ་ནང་གི་ཐོན་ལས་རིམ་པ་གང་མྱུར་འཕར་བར་བྱེད་རྒྱུ།
         བཅུ་ལྔ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་སློབ་གསོ་དང་། རྒན་གསོ། སྨན་བཅོས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པར་རོགས་སྐྱོར་བྱེད་རྒྱུ།
         ཞབས་ཞུའི་ལས་རིགས་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཚོད་ལྟ་བྱེད་ཐེངས་གསར་པ་འགོ་བརྩམ་རྒྱུ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་སློབ་གསོ་དང་། རྒན་གསོ། སྨན་བཅོས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པར་རོགས་སྐྱོར་བྱེད་རྒྱུ། ཞབས་ཞུའི་ལས་རིགས་ཀྱི་མ་དཔེ་གསར་གཏོད་དང་། ལས་རིགས་བརྒལ་ནས་མཉམ་འདྲེས་ཡོང་བར་བྱེད་པ། སྨན་བཅོས་ལུས་གསོ་ཟུང་འབྲེལ་དང་། རིག་གནས་བསམ་བཀོད་སོགས་ཀྱི་གསར་དར་འཛད་སྤྱོད་འཕེལ་རྒྱས་གཏོང་རྒྱུ། ཡུལ་སྐོར་སྒྲིག་ཆས་དང་ཞབས་ཞུ་འཐུས་ཚང་དུ་བཏང་སྟེ་གྲོང་གསེབ་དང་། སྤྲོ་གསེང་ངལ་གསོ། ཡུལ་ཁམས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན། གྲངས་འཛིན་དུད་ཁྱིམ་དང་། དྲ་ཐོག་སློབ་གསོ་སོགས་ཀྱི་ཆ་འཕྲིན་འཛད་སྤྱོད་བྱེད་ཁྱོན་ཆེ་རུ་གཏོང་རྒྱུ། དྲ་རྒྱའི་ཚོང་ལས་དང་མྱུར་སྐྱེལ་རིགས་སྡེ་ཁུལ་དང་གྲོང་གསེབ་ཏུ་མཆེད་པར་བྱས་ཏེ། དངོས་གཞིའི་ཚོང་ཁང་གི་བྲིན་འཚོང་དང་དྲ་ཐོག་ཉོ་ཚོང་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ།
         བཅུ་དྲུག རྐུ་རྒྱག འཕྲོག་བཅོམ། གློག་འཕྲིན་ཁ་བསླུས་སོགས་ཀྱི་ནག་ཉེས་ཐོན་མང་བར་ཁྲིམས་ལྟར་ཆད་པ་ནན་པོར་གཅོད་རྒྱུ།
         དུས་བདེའི་ཀྲུང་གོ་འཛུགས་སྐྱོང་གཏིང་ཟབ་སྤེལ་རྒྱུ་དང་། དངོས་སྣང་ཅན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་བདེ་འཇགས་ཀྱི་འགོག་སྲུང་མ་ལག་འཐུས་ཚང་དུ་གཏོང་རྒྱུ། གཏུམ་སྤྱོད་འཇིགས་སྐུལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་དང་། ནག་ཚོགས་སྟོབས་ཤུགས་ཀྱིས་བྱས་ཉེས་བསགས་པ་དང་། རྐུ་རྒྱག འཕྲོག་བཅོམ། གློག་འཕྲིན་དྲ་བའི་ཐོག་ནས་ཁ་བསླུས་རྒྱག་པ་སོགས་ཀྱི་ནག་ཉེས་ཐོན་མང་བར་ཁྲིམས་ལྟར་ཆད་པ་ནན་པོར་བཅད་དེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ།

【1】  【2】