མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ཚོགས་འདུ་གཉིས་རིང་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ལྟ་སྐུལ་ཚོགས་ཆུང་
བཙུགས་ནས་ཚོགས་སྲོལ་སྔར་བས་ལེགས་སུ་དང་ཚོགས་འདུའི་སྒྲིག་ལམ་ནན་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་08ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པས་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་རུ་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ལྟ་སྐུལ་ཚོགས་ཆུང་བཙུགས་ནས་ཚོགས་སྲོལ་སྔར་བས་ལེགས་སུ་དང་ཚོགས་འདུའི་སྒྲིག་ལམ་ནན་དུ་བཏང་བ་རེད།
         འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ལས་དོན་ལ་དམ་འཛིན་དེ་བས་ནན་པོ་དང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བས་རྣམ་པ་ཟབ་མོ་ཞིག་ཆགས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཚོགས་སྲོལ་ལེགས་སུ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་དོན་ཚན་20བཟོས་ནས“ཚོགས་འདུའི་འགྲོ་གྲོན་ཚོད་འཛིན་ནན་པོ་བྱེད་པ་དང་། ཚོགས་ར་བཀོད་སྒྲིག་སྟབས་བདེ་བྱེད་པ། འཐུས་མིའི་གཏམ་བཤད་དེ་ཚོགས་ཆེན་གྱི་གྲོས་གཞིར་དམ་པོར་དམིགས་རྒྱུར་ཁྲིད་སྟོན་བྱེད་པ། ཚོགས་འདུའི་ཡིག་ཆ་དང་བསྡུས་འཕྲིན་ལས་དོན་ལེགས་སུ་གཏོང་བ། འཐུས་མི་དང་ཨུ་ཡོན་གྱི་བཞུགས་གནས་་དོ་དམ་ལ་ཤུགས་སྣོན་རྒྱག་པ”སོགས་བླང་བྱའི་རྨང་གཞིའི་ཐོག“ཚོགས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཚོགས་འདུའི་སྒྲིག་ལམ་ནན་དུ་བཏང་ནས་ཚུལ་མིན་གྱི་སྤྱོད་ཚུལ་མཐའ་དག་མཐའ་གཅིག་ཏུ་བཀག་འགོག་དང་ཡོ་བསྲང་བྱས་ཏེ་ཕན་ཚུན་འབྲེལ་བ་མི་འཛུགས་པ་དང་ངོ་བོ་འགྱུར་བའི་ཚོང་ལས་བྱེད་སྒོ་མི་སྤེལ་བ”སོགས་ཀྱི་ནང་དོན་སླར་ཡང་མང་དུ་བཏང་ནས་ལས་དོན་ཚོགས་ཆུང་ཁག་དང་འཐུས་མི་ཚོགས་པས་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་བཟོ་བ་དང་འབྲེལ་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དུས་འགོར་བྱ་ཐབས་སྙན་སེང་ཞུ་བ་དང་། དུས་དཀྱིལ་དུ་གནས་ཚུལ་སྙན་སེང་ཞུ་བ། དུས་མཇུག་ཏུ་ཕྱོགས་སྡོམ་སྙན་སེང་ཞུ་བ་བཅས་ཀྱི“དུས་གསུམ”གྱི་གཅིག་སྡུད་སྙན་སེང་ཞུ་སྟངས་སྤྱོད་པ་དང་འབྲེལ་ཉིན་ལྟར་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་གྱི་གནད་དོན་གལ་ཆེན་ཡོད་མེད་སྙན་སེང་ཞུ་དགོས་ཀྱི་ཡོད། ལས་དོན་ཚོགས་ཆུང་ཁག་དང་འཐུས་མི་ཚོགས་པར་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་གྱི་ལྟ་སྐུལ་པ་གཅིག་ལྕོགས་བཀོད་སྒྲིག་བྱས་ཏེ་ལྟ་སྐུལ་པས་དོན་དངོས་དང་ཟུང་འབྲེལ་བྱས་ནས་བབ་བསྟུན་དང་། སྣ་མང་། ནུས་ལྡན་བཅས་ཀྱི་བྱེད་ཐབས་སྤྱད་དེ་ལྟ་སྐུལ་ལས་དོན་སྒྲུབ་པ་དང་དངོས་ཐོག་བདེན་འཚོལ་གྱི་ཐོག་ནས་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་དང་འབྲེལ་བ་ཡོད་སྲིད་པའི་གནད་དོན་འཚོལ་བཤེར་བྱེད་པ་དང་གནད་དོན་ཤེས་རྟོགས་ཐུབ་ཚེ་ཐག་གཅོད་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།