མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་རྩེར་སོན་གླེང་སྟེགས་པེ་ཅིང་དུ་འཚོག་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་རྩེར་སོན་གླེང་སྟེགས་པེ་ཅིང་དུ་འཚོག་འགོ་ཚུགས་པ།

          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་8ཉིན། འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་རྩེར་སོན་གླེང་སྟེགས་པེ་ཅིང་གྲོང་ཁྱེར་དུ་འཚོག་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཅས་ཡིན་པའི་ལིའུ་ཆི་པའོ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད། བརྗོད་དོན་དུ་《སྨྱན་སྦྱོར་སྤེལ་རེས་མཉམ་ལས་ཟབ་སྤེལ་བྱས་ནས་འབོ་གསེར་རྒྱལ་ཁབ་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་དགོས་》ཞེས་པའི་ཤིས་ཚིག་ཀྱང་གསུངས་པ་རེད།
            ལིའུ་ཆི་པའོ་ཡིས་འབོ་གསེར་རྒྱལ་ཁབ་ནི་གསར་དར་ཚོང་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་གལ་ཆེན་ཞིག་ཡིན་ལ། འབོ་གསེར་རྐྱེན་སྲོལ་ནི་དེང་སྐབས་འཛམ་གླིང་གི་གསར་དར་སྟོབས་ཤུགས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཡིན། འབོ་གསེར་མཉམ་ལས་ལོ་བཅུ་ཚན་གཉིས་པ་འགོ་ཚུགས་པའི་སྐབས་སུ་འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་རྩེར་སོན་གླེང་སྟེགས་རྒྱལ་ཁའི་ངང་འཚོགས་པ་དེས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་དགུ་པར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ནས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་འཕེལ་རྒྱས་ལ་སེམས་མཐུན་ཤུགས་སྒྲིལ་བྱ་རྒྱུ་རེད་ཅེས་བསྟན་པ་རེད།
          ལིའུ་ཆི་པའོ་ཡིས་སྨྱན་སྦྱོར་བར་སྤེལ་རེས་འགྲོ་འོང་བྱེད་པ་ནི་རྒྱལ་ཁབ་བར་མཛའ་མཐུན་དང་། མཉམ་ལས་ཡིད་རྟོན། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན། འབོ་གསེར་མཉམ་ལས་ཀྱི"རྫོགས་ལྡན་ལོ་བཅུ་ཚན"གཉིས་པ་སྐྲུན་པར་སྨྱན་སྦྱོར་བར་ཞེ་མཐུན་ཕྱོགས་མཚུངས་དང་ལག་གདང་དཔུང་སྦྲེལ་བྱས་ནས་འབོ་གསེར་རྒྱལ་ཁབ་ཀྱིས་སྔར་ལས་འོད་ཟེར་ལྡན་པའི་མ་འོང་པ་གསར་གཏོད་བྱེད་པར་སྐུལ་འདེད་བྱེད་རོགས་བྱ་དགོས། འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས"སྒོ་འབྱེད་དང་། ཁོང་ཡངས། མཉམ་ལས། མཉམ་རྒྱལ"བཅས་ཀྱི་སྙིང་དོན་བརྩོན་གཉེར་བྱས་ཏེ་འབོ་གསེར་མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་གཏོང་མཁན་བརྟན་པོ་དང་། འབོ་གསེར་གྱི་འོད་སྟོང་ལྡན་པའི་མདུན་ལྗོངས་འཛམ་གླིང་ལ་ངོམ་སྟོན་བྱས་ཏེ་འབོ་གསེར་འཕེལ་རྒྱས་ཡོང་བའི་གདེང་ཚོད་བརྒྱུད་སྤེལ་ཧུར་ཐག་བྱེད་མཁན། འབོ་གསེར་རྒྱལ་ཁབ་མི་རབས་ནས་མི་རབས་བར་མཛའ་བརྩེ་ཡོང་བའི་རྨང་གཞི་བརྟན་པོ་བཏིང་ནས་འབོ་གསེར་གྱི་སྤྱི་ཚོགས་རིག་གནས་སྤེལ་རེས་བྱེད་པའི་རང་རྟོགས་འགན་ཁུར་བ། རིམ་གྲས་མང་ཞིང་ཁྱབ་ཁོངས་མང་ལ་རྒྱུ་མང་ཅན་གྱི་མཉམ་ལས་སྤེལ་ནས་འབོ་གསེར་སྨྱན་སྦྱོར་གྱིས་མཉམ་ལས་བྱེད་པའི་དངོས་དོན་གཉེར་བའི་ལག་ལེན་བྱེད་མཁན་བཅས་བྱ་དགོས་ཞེས་ནན་བཤད་གནང་བ་རེད།
           འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་རྩེར་སོན་གླེང་སྟེགས་ནི་ཤིན་ཧྭ་གསར་འགྱུར་ཁང་གིས་གྲོས་གཞི་བཏོན་པ་མ་ཟད། པར་ཙིར་དང་། ཨུ་རུ་སུ། རྒྱ་གར། ཨ་ཧྥེ་རི་ཁ་ལྷོ་མ་བཅས་ཀྱི་གཙོ་ཁྲིད་སྨྱན་སྦྱོར་དང་མཉམ་འབྲེལ་བྱས་ནས་སྤེལ་བ་དང་། "འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་མཉམ་ལས་ཟབ་སྤེལ་བྱས་ནས་རྒྱལ་སྤྱིའི་གླེང་ཕྱོགས་དྲང་སྙོམས་དྲང་གཞག་ཡོང་བར་སྐུལ་སྤེལ་གཏོང་བ"བརྗོད་དོན་གཙོ་བོར་འཛིན་པ་ཞིག་རེད། འབོ་གསེར་རྒྱལ་ཁབ་ལྔ་ནས་ཕེབས་པའི་སྨྱན་སྦྱོར་27གྱི་འགན་ཁུར་པ་གླེང་སྟེགས་ལ་ཞུགས་པ་རེད།

༄༅།།འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་རྩེར་སོན་གླེང་སྟེགས་པེ་ཅིང་དུ་འཚོག་འགོ་ཚུགས་པ།
༄༅།།འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་རྩེར་སོན་གླེང་སྟེགས་པེ་ཅིང་དུ་འཚོག་འགོ་ཚུགས་པ།