མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཚང་འཛོམས་
ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་24ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་9ཚེས་22ཉིན་གྱི་སྔ་དྲོ་ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ནི་ཆ་ཚང་བའི་འདུ་འགོད་ཅིག་ཡིན་པས་ཆ་ཚང་བའི་ཚན་རིག་དང་། ཆ་ཚང་བའི་བསམ་གཞིག ཆ་ཚང་བའི་བྱ་ཐབས་བཅས་ཀྱིས་གནད་དོན་ཐག་གཅོད་དང་ཞིབ་འཇུག་བྱེད་མཁས་པོ་བྱེད་པར་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་དགོས་ལ་གཙོ་གནད་ཚད་བརྒལ་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། མིག་སྔར་དམ་འཛིན་ཡག་པོ་བྱེད་དགོས་ལ་ཕུགས་ཀྱི་འཆར་གཞི་ཡང་ཡག་པོ་འགོད་དེ་དགོས་མཁོ་སྦྲེལ་མཐུད་བྱ་ཤུགས་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། ཐོན་ཁུངས་བསྡུ་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ནུས་ཤུགས་གང་ཡོད་འདོན་པ་དང་། གནད་ཀྱིས་ཁྱོན་ཡོངས་ཀྱི་སྣེ་ཁྲིད་དེ་སྤྱི་ཡོངས་ཀྱི་ཆུ་ཚད་གོང་མཐོར་འགྲོ་རྒྱུར་སྐུལ་འདེད་གཏོང་བ། གནད་ཆེའི་རྒྱུ་རྐྱེན་ཧྲིལ་པོ་དང་། ཁྱབ་ཁོངས་མང་བ། ཕན་འབྲས་ཆེ་བ་བཅས་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བའི་རྣམ་པ་ཞིག་གང་མགྱོགས་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
         ཚོགས་འདུའི་ཐོག 《“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་སྲུང་ཚན་རྩལ་བཟོ་ལས་འཕེལ་རྒྱས་ཀྱི་འཆར་འགོད་》དང་། 《རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་དམག་དམངས་མཉམ་འདྲེས་གོང་འཕེལ་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དམག་དོན་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་དམག་དམངས་མཉམ་འདྲེས་གོང་འཕེལ་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 《དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་འབྲེལ་བ་དམ་ཟབ་ཡོད་པའི་འཛུགས་སྐྲུན་རྣམ་གྲངས་ཐད་རྒྱལ་སྲུང་བླང་བྱ་ལག་བསྟར་བྱ་རྒྱུའི་དོ་དམ་བྱ་ཐབས་(ཚོད་ལྟའི་ལག་བསྟར)》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་ཡང་བཀོད་སྒྲིག་གནང་བ་རེད།
        ཚོགས་འདུའི་ཐོག ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱིས་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན། ང་ཚོས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ལས་འགན་ཁག་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱས་ཡོད། 《“ལོ་ལྔ་ཚན་བཅུ་གསུམ་པའི”ཚན་རྩལ་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཆེད་དམིགས་འཆར་འགོད་》དང་མི་དམངས་མཁའ་ཟོན་དང་། གཡུལ་འགྱེད། རྒྱལ་དམངས་དཔལ་འབྱོར་སྐུལ་སློང་སོགས་ཀྱི་ཆེད་དམིགས་འཆར་འགོད་ཡོངས་བསྒྲགས་ལག་བསྟར་བྱས་པས་ཞིང་ཆེན་20ཡིས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཡོང་བའི་འཆར་གཞི་བཏོན་ཡོད་པ་རེད། ཁག་དང་པོའི་དམག་དོན་བཟོ་ལས་ཀྱི་ཚན་རིག་ཞིབ་འཇུག་ཁང་དང་སུའོ་41སྒྱུར་བཅོས་བྱེད་འགོ་བཙུགས་ཏེ་བར་སྣང་ཁྱབ་ཁོངས་ཀྱི་དོ་དམ་སྒྲིག་གཞི་དང་། དམག་མཁོའི་དངོས་རྫས་ཀྱི་རིན་གོང་གཏན་འཁེལ་དང་རིན་གོང་སྒྲིག་པའི་སྒྲིག་སྲོལ། གོ་མཚོན་ཉོ་བའི་ལམ་ལུགས་སོགས་སྒྱུར་བཅོས་ཇུས་གཞིར་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་ནས་གོ་མཚོན་སྒྲིག་ཆས་ཚན་ཞིབ་ཐོན་སྐྱེད་ཆོག་འཐུས་དང་གོ་མཚོན་བཟོ་མཁན་ཚན་པས་མཉམ་འབྲེལ་ཐོག་ཞིབ་བཤེར་བྱེད་པའི་ལས་ཀའི་ལམ་སྲོལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་དམག་དམངས་ཀྱི་རྒྱལ་སྲུང་ཚན་ཞིབ་དཔྱད་ཆས་དང་སྒྲིག་ཆས་ཆེ་རིགས་བསྡུ་སྒྲིལ་མཉམ་སྤྱོད་དང་། རྐང་དབང་སྒྲོག་ཐག་ཏུ་བྱེད་པའི་དམག་དམངས་གཉིས་སྤྱོད་ལག་རྩལ་མནའ་འབྲེལ་གསར་གཏོད་མཉམ་ལས། དམངས་གཉེར་ཁེ་ལས་ཀྱི་ལེ་ལག་ཚང་བའི་དམག་མཁོའི་དངོས་རྫས་གཙོ་བོ་གཏན་འཁེལ་དང་ཆོག་འཐུས་ཚད་གཞི་ཁག་གསུམ་གསར་གཏོད་ཀྱི་བྱ་ཐབས་ཁྱབ་གདལ་བཏང་ཡོད་པའི་ངོས་འཛིན་བྱས་པ་རེད།
        ཚོགས་འདུའི་ཐོག རྒྱལ་སྲུང་ཚན་རྩལ་བཟོ་ལས་ནི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཡོང་བའི་གཙོ་གནད་ཁྱབ་ཁོངས་ཤིག་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག་ཀྱང་རེད། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱིས་ངེས་པར་དུ་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཡོང་བའི་འཐབ་ཇུས་ཁྲིད་སྟོན་དུ་བྱས་ནས་རྒྱལ་ཁབ་ཀྱི་ཚན་རྩལ་དང་བཟོ་ལས་རྨང་གཞིར་དམ་པོར་བརྟེན་ནས་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་མ་ལག་ནང་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། དེ་བས་ནུས་པ་ལྡན་པའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མཁོ་འདོན་བྱེད་དགོས། རང་བརྟེན་གསར་གཏོད་མཐའ་འཁྱོངས་བྱས་ནས་ལྟེ་བའི་རྨང་གཞིའི་ཐོན་རྫས་དང་རྒྱལ་སྲུང་གི་འགག་རྩའི་ལག་རྩལ་གྱི་རང་བརྟེན་ཚོད་འཛིན་ནུས་པ་ཆེ་རུ་གཏོང་བ་དང་། རྒྱལ་སྲུང་ཚན་རྩལ་མཉམ་དུ་གསར་གཏོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གོ་མཚོན་སྒྲིག་ཆས་མ་ལག་ཅན་དང་། ཆ་འཕྲིན་ཅན། རང་བརྟེན་ཅན། དངོས་འཐབ་ཅན་བཅས་ལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
         ཚོགས་འདུའི་ཐོག རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྱོང་ཐད་དམག་དཔུང་དང་ས་གནས་མཉམ་སྤྱོད་དང་ཕན་གསབ་བྱེད་པའི་རང་བཞིན་ཆེ་བས་དམག་དམངས་མཉམ་འདྲེས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཁར། མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ང་ཚོར་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡོད་པས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་དོན་ཆེན་སྒྲུབ་པའི་ལེགས་ཆ་ལྡན་པ། དེས་དམག་དོན་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་དམག་དམངས་མཉམ་འདྲེས་ཐད་ལས་དོན་འབོར་ཆེན་སྒྲུབ་ཐུབ། དེང་རབས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་གཏན་འཁེལ་བྱ་རྒྱུ་ནི་དམག་དམངས་མཉམ་འདྲེས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་འདུ་ཤེས་ཤིག་ཡིན་པས་རང་གྲུབ་མ་ལག་དང་རང་ངོས་འགན་ལེན་བྱེད་པའི་སྲོལ་རྒྱུན་གྱི་བསམ་བློ་གཏོང་སྟངས་མཐའ་གཅིག་ཏུ་སེལ་ནས་རང་འགུལ་ངང་དམག་དོན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་གཞི་ཚུགས་ཐུབ་པ་བྱས་ནས་དེང་རབས་ཅན་གྱི་དམག་དོན་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་དམག་དམངས་མཉམ་འདྲེས་ཀྱི་མ་ལག་ཅིག་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
        ཚོགས་འདུའི་ཐོག དཔལ་འབྱོར་འཛུགས་སྐྲུན་གྱི་རྣམ་གྲངས་ཐད། རྒྱལ་སྲུང་བླང་བྱ་ལག་བསྟར་བྱེད་པའི་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ནས་དམག་དཔུང་དང་ས་གནས་ཀྱི་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཕན་དང་དམག་དམངས་གཉིས་ཕན་གྱི་དོན་ཆེན་ཞིག་རེད། འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་མཐོང་ཆེན་པོ་བྱས་ནས་སྐུལ་འདེད་ཏན་ཏིག་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད། རྒྱལ་སྲུང་བླང་བྱ་ལག་བསྟར་བྱ་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེ་ཡིན་པས་རང་རྒྱལ་ལ་རྨང་གཞིའི་སྒྲིག་བཀོད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྔོག་འདོན་བེད་སྤྱོད་དང་མཉམ་སྐྲུན་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
         ཚོགས་འདུའི་ཐོག སྒྲིག་གཞི་དང་ལམ་སྲོལ་འཛུགས་སྐྱོང་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་གཡས་གཡོན་གང་སར་སྦྲེལ་མཐུད་ཐུབ་པ་དང་། གོང་འོག་གང་སར་མཐུན་སྦྱོར་ཐུབ་པ། བདེ་བླག་ནུས་ཆེ་བཅས་ཀྱི་རྩ་འཛུགས་ཀྱི་དོ་དམ་མ་ལག་མགྱོགས་མྱུར་སྐྲུན་དགོས། འཐབ་ཇུས་ཀྱི་འཆར་འགོད་དམ་འཛིན་ཡག་པོ་བྱས་ནས་གསར་དར་ཁྱབ་ཁོངས་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཡོང་བའི་བཀོད་སྒྲིག་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ་དམག་དམངས་མཉམ་འདྲེས་གསར་གཏོད་ཀྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུར་སྐུལ་འདེད་ནན་ཏན་གཏོང་དགོས། སྒྱུར་བཅོས་ཀྱི་ཇུས་གཞི་བཟོ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་དཀའ་གནད་ཆེ་བའི་གནད་དོན་གཙོ་བོར་དམིགས་ཏེ་གཅིག་སྡུད་ཐོག་སྒྲིག་འཛུགས་ཞིབ་འཇུག་བྱེད་པ་དང་སྒྱུར་བཅོས་ཀྱི་ཇུས་གཞི་གྲུབ་པ་བྱས་ནས་སྒྱུར་བཅོས་ལ་སྤྱི་འདོམས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། 《དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་》དང་ཨུ་ཡོན་ལྷན་ཁང་གི་ཉེ་དུས་ཀྱི་ལས་ཀའི་གཙོ་གནད་ཀྱི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་ལྟ་སྐུལ་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་སྟེ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།