མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།"གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་
བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ལ་ལྟ་སྐུལ་དང་ཐེར་འདོན། དམར་
འདོན་བཅས་བྱེད་པའི་ཆེད་སྒྲིག་ལེ་ཚན"བཏོན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 16:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། 2018ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་དུས་ཚོད་དང་མཚམས་ཚིག་གལ་ཆེན་ནང་ཚུལ་མིན་སྤྱོད་ཚུལ་སླར་ཡང་ཐོན་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་ཆེད། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་ལྟ་ཞིབ་པུའི་དྲ་ཚུགས་སུ་“གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ལ་ལྟ་སྐུལ་དང་། ཐེར་འདོན། དམར་འདོན་བཅས་བྱེད་པའི་ཆེད་སྒྲིག་ལེ་ཚན”བཏོན་ནས། ཉེ་དུས་ས་ཁུལ་ཁག་དང་ཚན་པ་ཁག་གིས་ཞིབ་བཤེར་ཐག་གཅོད་བྱས་པའི་དཔེ་མཚོན་གནད་དོན་མིང་ངོ་མ་བཀོད་ནས་བརྡ་ཁྱབ་དམར་འདོན་བྱ་རྒྱུ་ཡིན་པ་རེད།
         ཆེད་སྒྲིག་ལེ་ཚན་ནང“ངས་ཐེར་འདོན་བྱེད་རྒྱུ་ཡིན”ཞེས་པའི་སྐར་ཁུང་བཀོད་སྒྲིག་བྱ་རྒྱུ་ཡིན་པས་རྒྱ་ཆེའི་དྲ་གྲོགས་ཚོས་དྲ་ཚུགས་དང་དུད་སྣེ། སྐད་འཕྲིན་སྤྱི་རྟགས་བཅས་བརྒྱུད་དུས་ཆེན་རིང་གཞུང་དངུལ་སྤྱད་དེ་བཟའ་བཏུང་དང་ཡུལ་སྐོར་དང་། གསང་སྦེད་ཀྱི་རོལ་རྩེད་ཁང་དང་ཟ་ཁང་དུ་འཛུལ་བ། གསང་བའི་འདུ་འཛོམས་སྒྲིག་འཛུགས་བྱེད་པ། ཡིན་མདོག་དང་འུད་ཤོབ་ཆེ་བ་དང་། བྱ་སྤྱོད་སྤེལ་ཉུང་བ་དང་དོན་འཁྱོལ་བྱེད་ཞན་པ་སོགས་ཀྱི་ཚུལ་མིན་སྤྱོད་ཚུལ་ལ་ལྟ་སྐུལ་དང་ཐེར་འདོན་བྱེད་རྒྱུར་དགའ་བསུ་ཞུ་རྒྱུ་རེད། གཞན་ཡང་། ཆེད་སྒྲིག་ལེ་ཚན་གྱི“གཟའ་འཁོར་གཉིས་ཀྱི་བརྡ་ཁྱབ”ཀྱི་ལེ་ཚན་ཟླ་12ཚེས་29ཉིན་ནས་ཐེངས་3ལ་ཕྱེ་ནས་ས་ཁུལ་ཁག་དང་ཚན་པ་ཁག་གིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་གཅིག་སྡུད་ཐོག་མིང་ངོ་མ་བཀོད་དེ་བརྡ་ཁྱབ་དམར་འདོན་བྱ་རྒྱུ་དང་འབྲེལ། ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་ཏེ་དཔེ་མཚོན་གནད་དོན་ལ་དབྱེ་ཞིབ་དང་ཉེན་བརྡ་གཏོང་རྒྱུ་རེད།