མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འཛམ་གླིང་ཡོངས་སུ་ངོ་མཚར་ཆེ་བའི་དུས་རབས་གསར་པའི་ཀྲུང་གོའི་དཔྱིད་གསར་དུས་ཆེན་
གྱི་གཏམ་རྒྱུད་བརྗོད་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཡིན་པའི་དཔྱིད་གསར་དུས་ཆེན་དེ་འཛམ་གླིང་ཡོངས་སུ་ཀྲུང་གོའི་རིག་གནས་ཕྱོགས་ཡོངས་ནས་ངོམ་སྟོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་དང་ངོ་མཚར་ཆེ་བའི་གར་སྟེགས་ཤིག་ཏུ་གྱུར་དང་འགྱུར་མུས་ཡིན། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་2018ལོའི་དཔྱིད་གསར་དུས་ཆེན་གྱི་རིག་གནས་ཁྱབ་གདལ་ལས་དོན་སྤེལ་འགོ་བཙུགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་དང་། ནང་དོན་དང་རྣམ་པ་གསར་གཏོད། ཐབས་ལམ་དང་ལས་སྟེགས་རྒྱ་བསྐྱེད་བཅས་བྱས་ཏེ་འཛམ་གླིང་ལ་ཀྲུང་གོའི་བློ་རིག་ལྡན་པ་དང་། ཀྲུང་གོའི་འདུ་ཤེས་མཚོན་པ། ཀྲུང་གོའི་སྙིང་སྟོབས་མངོན་པ་བཅས་ཀྱི་དཔྱིད་གསར་དུས་ཆེན་གྱི་རིག་གནས་སྔར་བས་མང་བ་འཚམས་སྦྱོར་དང་དུས་རབས་གསར་པའི་དཔྱིད་གསར་དུས་ཆེན་གྱི་ངོ་མཚར་ཆེ་བའི་གཏམ་རྒྱུད་སྔར་བས་གསོན་ཉམས་དོད་པོས་བརྗོད་རྒྱུ་དང་ཆབས་ཅིག་ཀྲུང་གོའི་གཟུགས་བརྙན་གྱི་ཉེ་འདྲེས་ནུས་པ་དང་། ཡིད་དབང་འགུགས་ནུས། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་དང་རྒྱལ་ཁབ་ཀྱི་རིག་གནས་སྟོབས་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2018ལོའི་དཔྱིད་གསར་དུས་ཆེན་གྱི་རིག་གནས་ཁྱབ་གདལ་ལས་དོན་ཐད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་ཉིད་དུས་རབས་གསར་པར་སླེབས་པའི་བླང་བྱ་གསར་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ནང་དོན་ཇུས་འགོད་དང་། རྣམ་གྲངས་བཀོད་སྒྲིག བྱེད་ལུགས་བྱེད་སྟངས་བཅས་གསར་གཏོད་བྱ་ཤུགས་ཆེ་རུ་བཏང་ནས་དཔྱིད་གསར་དུས་ཆེན་ལས་མཚོན་པའི་རྣམ་པ་ཡོངས་རྫོགས་གསར་པར་གྱུར་པ་དང་རང་བྱུང་ཁམས་དང་མི་གཞི་མཐུན་གྱི་འཇིག་རྟེན་ལྟ་བ་དང་ནང་མི་ལྷན་འཛོམས་ངང་ལོ་གསར་པ་བསུ་བའི་རིན་ཐང་ལྟ་བ་སོགས་མཚོན་བྱེད་དུ་བྱས་པའི་ཀྲུང་ཧྭ་རིག་གནས་ཀྱི་སྙིང་པོ་བསྡུ་ལེན་ཞིབ་ཚགས་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་དམིགས་བསལ་ཉམས་འགྱུར་དང་དེང་སྐབས་ཀྲུང་གོའི་རིན་ཐང་ལྟ་བ་གཅིག་སྡུད་ཐོག་ངོམ་སྟོན་དང་། དུས་རབས་གསར་པ་དང་། དགོངས་པ་གསར་པ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ། རྣམ་པ་གསར་པ་བཅས་མངོན་གསལ་དོད་པོས་མཚོན་པར་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་མཛེས་སྡུག་ལྡན་པའི་འདོད་འདུན་བརྒྱུད་སྤེལ་ཧུར་ཐག་བྱ་རྒྱུ་རེད། ཀྲུང་དབྱང་དང་ས་གནས་དང་། སྲིད་གཞུང་དང་ཁྲོམ་ར་དང་། གཞུང་ཕྱོགས་དང་དམངས་ཁྲོད་བཅས་ཀྱི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་ཏེ“ཁྱད་ཆོས་ངོམ་པ་དང་། རྒྱལ་བསྟུན་ཐབས་སྤྱོད། བཀོད་སྒྲིག་ལུགས་མཐུན། དྲ་ཐོག་དྲ་ཕྱིར་ཁྱབ་པ། གོ་ལ་ཧྲིལ་པོ་སྦྲེལ་མཐུད”བཅས་བྱེད་པའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཧུར་ཐག་ཆགས་པར་བྱས་ནས་དཔྱིད་གསར་དུས་ཆེན་དེ་ཉིད་ཀྲུང་གོའི་དུས་ཚོད་དང་གོ་ལ་ཧྲིལ་པོའི་ཐུན་མཚམས་ཀྱི་རྒྱལ་སྤྱིའི་དུས་ཆེན་ཞིག་ཏུ་སྔར་བས་འགྱུར་རྒྱུར་སྐུལ་འདེད་དང་རྒྱལ་སྤྱིར་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།