མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་《སྐད་འཕྲིན་དང་དཔོད་ཆུང་གི་ཆ་འཕྲིན་ཞབས་
ཞུའི་དོ་དམ་གཏན་འབེབས་》ཡོངས་བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་04ཉིན། 11:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་《སྐད་འཕྲིན་དང་དཔོད་ཆུང་གི་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས་》ཡོངས་བསྒྲགས་བྱས་པ་དང་། གཏན་འབེབས་དེ་2018ལོའི་ཟླ་3ཚེས་20ཉིན་ནས་ལག་ལེན་བསྟར་རྒྱུ་རེད། 《གཏན་འབེབས་》ནང་སྐད་འཕྲིན་དང་དཔོད་ཆུང་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་རྫུན་གཏམ་ཐེར་འདོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྐད་འཕྲིན་དང་དཔོད་ཆུང་ཞབས་ཞུ་སྤྱོད་མཁན་གྱིས་དཀྲོག་གཏམ་མམ་ཆ་འཕྲིན་རྫུས་མ་ཡོངས་བསྒྲགས་དང་བརྒྱུད་སྤེལ་བྱས་ཚེ་རང་འགུལ་ངང་རྫུན་གཏམ་ཐེར་འདོན་གྱི་བྱ་ཐབས་སྤྱོད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
          《གཏན་འབེབས་》གཞིར་བཟུང་སྐད་འཕྲིན་དང་དཔོད་ཆུང་ཞབས་ཞུ་མཁོ་འདོན་མཁན་གྱིས་ཁྲིམས་བཞིན་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འཁེལ་བྱས་པའི་འབྲེལ་ཡོད་བབ་ཐོབ་རག་པ་བྱས་ནས་ཆ་འཕྲིན་གྱི་ནང་དོན་ཐད་བདེ་འཇགས་དོ་དམ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། “རྒྱབ་ཕྱོགས་སུ་མིང་ངོ་མ་འགོད་པ་དང་། མདུན་ཕྱོགས་སུ་རང་མོས་ཡིན་པའི”རྩ་དོན་གཞིར་བཟུང་སྐད་འཕྲིན། དཔོད་ཆུང་ཞབས་ཞུ་མཁན་གྱིས་ཐོབ་ཐང་གི་ཆ་འཕྲིན་ངོ་མ་ཡིན་མིན་ར་སྤྲོད་བྱེད་པ་དང་དུས་བཀག་བཞིན་ཞིབ་བཤེར་བྱེད་དགོས། དཔོད་ཆུང་ཞབས་ཞུ་མཁོ་འདོན་མཁན་དང་སྤྱོད་མཁན་གྱིས་ཆ་འཕྲིན་ངོ་མ་མཁོ་འདོན་མི་བྱེད་པའི་རིགས་ལ་སྐད་འཕྲིན་དང་དཔོད་ཆུང་ཞབས་ཞུའི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་མི་ཆོག
          《གཏན་འབེབས་》ནང་སྐད་འཕྲིན་དང་དཔོད་ཆུང་ཞབས་ཞུ་དང་སྤྱོད་མཁན་གྱིས་མདུན་ཕྱོགས་སུ་མིང་ངོ་མ་ཁས་ལེན་གྱི་རྩིས་ཐོའི་ཨང་གྲངས་རེ་ཞུ་བྱས་ནས་ཁས་ལེན་ཆ་འཕྲིན་དང་གཅིག་མཚུངས་ཡིན་པའི་གོ་ཆོད་པའི་ངོ་སྤྲོད་དཔྱད་གཞིའི་ཡིག་རིགས་མཁོ་འདོན་བྱེད་དགོས། རིམ་ཁག་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། མི་དམངས་ཚོགས་པ་དང་དེ་བཞིན་གསར་འགྱུར་སྨྱན་སྦྱོར་སོགས་རྩ་འཛུགས་དང་སྒྲིག་གཞིས་བཙུགས་པའི་མདུན་ཕྱོགས་མིང་ངོ་མ་འགོད་པའི་རྩིས་ཐོའི་ཨང་གྲངས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་གྱི་ནང་དོན་དང་དེ་བཞིན་རྗེས་སྙེགས་དཔྱད་སྤྱོད་ལ་དོ་དམ་གྱི་འགན་འཁྲི་འཁུར་དགོས། སྐད་འཕྲིན་དང་དཔོད་ཆུང་ཞབས་ཞུ་མཁན་གྱིས་དོ་དམ་དབང་ཚད་སོགས་ཀྱི་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
          《གཏན་འབེབས་》ནང་སྐད་འཕྲིན་དང་དཔོད་ཆུང་ཞབས་ཞུ་མཁོ་འདོན་མཁན་དང་སྐད་འཕྲིན་དང་དཔོད་ཆུང་ཞབས་ཞུ་སྤྱོད་མཁན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འགོག་བྱས་པའི་ཆ་འཕྲིན་གྱི་ནང་དོན་ཡོངས་བསྒྲགས་དང་བརྒྱུད་སྤེལ་བྱེད་མི་ཆོག དེ་དང་དུས་མཚུངས་སྐད་འཕྲིན་དང་དཔོད་ཆུང་ཞབས་ཞུ་མཁན་གྱིས་སྐད་འཕྲིན་དང་དཔོད་ཆུང་ཞབས་ཞུ་མཁོ་འདོན་དང་སྤྱོད་མཁན་གྱིས་སྐད་འཕྲིན་དང་དཔོད་ཆུང་ཞབས་ཞུ་སྤྱོད་མཁན་གྱི་ཉིན་ཐོའི་ཆ་འཕྲིན་ཟིན་བྲིས་བཀོད་དེ་ཉར་ཚགས་དུས་ཚོད་ཉུང་མཐར་ཡང་ཟླ་དྲུག་ལས་མི་ཉུང་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
         ད་དུང་《གཏན་འབེབས་》ནང་སྐད་འཕྲིན་དང་དཔོད་ཆུང་ཞབས་ཞུ་མཁན་གྱིས་ལག་རྩལ་གསར་པ་སྤྱོད་པ་དང་། གསར་འགྱུར་གྱི་གླེང་ཕྱོགས་རང་བཞིན་ལྡན་པའམ་ཡང་ན་སྤྱི་ཚོགས་སྐུལ་སློང་གི་ནུས་པ་ལྡན་པའི་བཀོལ་སྤྱོད་ནུས་པ་ལེགས་སྒྲིག་དང་མང་དུ་བཏང་སྟེ་རྒྱལ་ཁབ་བམ་ཡང་ན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་དྲ་འཕྲིན་གཞུང་ལས་ཁང་གིས་བདེ་འཇགས་དཔྱད་དཔོག་བྱ་རྒྱུར་གོང་འབུལ་ཞུ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།