མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སུའུ་ཏན་གྱི་ཙུང་ཐུང་པ་ཤིར་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་04ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སུའུ་ཏན་གྱི་ཙུང་ཐུང་པ་ཤིར་དང་མཇལ་འཛོམས་གནང་བ་རེད།
       ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་གིས་ཀྲུང་གོར་མཛའ་གྲོགས་ཀྱི་བརྩེ་སེམས་ཟབ་མོ་འཆང་བ་དང་ཀྲུང་གོ་དང་སུའུ་ཏན་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས་ངས་བསྔགས་བརྗོད་ཆེན་པོ་བྱ་རྒྱུ་ཡིན། སུའུ་ཏན་ནི་ཨ་ཧྥེ་རི་ཁ་དང་ཨ་རབ་འཛམ་གླིང་དུ་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་རེད། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། བརྟན་ལྷིང་བཅས་སྲུང་སྐྱོབ་བྱ་ཆེད་འབད་བརྩོན་བྱ་རྒྱུར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱས་ཏེ་ཕྱི་ཕྱོགས་ཀྱི་ཕྱོགས་གཏོགས་ཀྱིས་སུའུ་ཏན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན།
       ཀྲུང་གོ་དང་སུའུ་ཏན་གྱི་དངོས་སྒྲུབ་མཉམ་ལས་བྱས་པ་དེས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་དང་དེ་ནི་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་རེད། ང་ཚོས་སུའུ་ཏན་ཕྱོགས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་རྒྱུར་དགའ་བསུ་ཞུ་བཞིན་ཡོད། དེ་གོ་སྐབས་སུ་བྱས་ནས་ཕྱོགས་གཉིས་པོའི་ནུས་རྒྱུའི་མཉམ་ལས་ཐད་འཕེལ་རིམ་གསར་པ་ཐོབ་པར་སྐུལ་འདེད་བཏང་ཐོག་ཞིང་ལས་ཁྱབ་ཁོངས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་མཉམ་ལས་ཀྱི་དཔེ་དབྱིབས་གསར་པ་གཏོད་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།