མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མོ་རི་ཐ་ནི་ཡའི་ཙུང་ཐུང་ཨ་ཆི་ཙེ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་04ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་མོ་རི་ཐ་ནི་ཡའི་ཙུང་ཐུང་ཨ་ཆི་ཙེ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་མོ་རི་ཐ་ནི་ཡའི་དབར་གྱི་འབྲེལ་བ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་དེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ནི་ཡ་ནི་ལྷག་བསམ་རྣམ་དག་དང་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླར་བརྩི་གི་ཡོད། མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་། མོ་རི་ཐ་ནི་ཡ་ཕྱོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་དོན་གཉེར་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་མཉམ་ལས་ཀྱི་དཔེ་དབྱིབས་གསར་གཏོད་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་མོ་རི་ཐ་ནི་ཡའི་རང་བརྟེན་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།